སྐྱབས་མགོན་ཆེན་པོ་བོན་བརྒྱ་རིན་པོ་མཆོག་གི་གདུང་སྐར་གྱི་གནས་ཚུལ་གསལ་བརྡ།

༄༅། །འགྲོ་བ་ལྷ་དང་བཅས་པ་ཡོངས་ཀྱི་སྐྱབས་མཆོག་དམ་པ་བོན་བརྒྱ་ཐམས་ཅད་མཁྱེན་པ་མཆོག་ཉིད། ཧོར་ཟླ་བདུན་པའི་ཚེས་དྲུག་གི་དགོང་མོའི་ཆུ་ཚོད་བཅུ་གཅིག་གི་སྟེང་དགོངས་པ་བོན་དབྱིངས་སུ་གཟིམས་པའི་ཚུལ་བསྟན་ཉིན་དེ་ནས་བཟུང་། སང་ཉིན་ཉིན་བཅུ་གསུམ་པ་ཧོར་ཟླ་༧པའི་ཚེས༡༨ཉིན་གྱི་ཞོགས་པའི་ཆུ་ཚོད་བདུན་དང་ཕྱེད་ཀའི་(7:30)སྟེང་རིན་པོ་ཆེ་ཁོང་གི་གདུང་སྐར་ཡིན་པས། ཚང་མས་བོད་ལྭ་གྱོན་ཏེ་སྤོས་དང་མར་མེ་མེ་ཏོག་ལ་སོགས་ཀྱི་མཆོད་པ་འབུལ་བ་དང་། ཕྱག་དང་བསྐོར་བ་ལ་སོགས་སྡིག་སྤོང་དགེ་སྒྲུབ་དང་ཚོགས་བསགས་ཉམས་ལེན་གྱི་རིམ་པ་ལ་ཅི་ནུས་ཀྱིས་འབད་པར་ཐུགས་ལ་བཟུང་ཏེ།  དད་ལྡན་མང་ཚོགས་རྣམས་ཀྱིས་དེ་རིང་ནས་རང་རང་གི་རླངས་འཁོར་དང་འཕྲུལ་རྟ་ལ་སོགས་དགོན་འདབས་ནས་སྒྲིག་ལམ་ཡོད་པའི་ངང་ནས་འཇོག་རྒྱུའི་གལ་ཆེན་གྱི་གསལ་བརྡ་འདི་བཏང་བ་ཡིན་པས།  ཕྱོགས་སོ་སོའི་དད་ལྡན་རྣམས་དུས་ལྟར་ཕེབས་རོགས་ཞུ།།

 

                    ཞེས་བོན་བརྒྱ་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་དང་རེབ་གོང་བོན་མང་དོ་དམ་ཨུ་ཡོན་ལྷན་ཁང་གཉིས་ནས་ཧོར་ཟླ༧པའི་ཚེས༡༧ཉིན་བསྒྲགས་པ་ཡིན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།