«རྗེས་དྲན་ཆེད་དེབ»ཀྱི་རྩོམ་ཡིག་བསྡུ་མཚམས་བསྲིངས་པའི་བརྡ་སྦྱོར།

«རྗེས་དྲན་ཆེད་དེབ»ཀྱི་རྩོམ་ཡིག་བསྡུ་མཚམས་བསྲིངས་པའི་བརྡ་སྦྱོར།

༄༅། ། རྒྱལ་ཁབ་ཕྱི་ནང་ན་བཞུགས་པའི་རིས་མེད་སྙུག་ཐོགས་པ་སྤྱི་དང་སྒོས་སུ་མགོན་པོ་གང་གི་བཀའ་གསུང་བདུད་རྩི་དྲོན་མོས་ཡུན་རིང་བསྐྱངས་མྱོང་བའི་དད་ལྡན་ཕོ་མོ་ཡོངས་ཀྱི་སྙན་ལམ་དུ་ཞུ་རྒྱུར།

ད་ལན་བདག་ཅག་གི་བཀའ་དྲིན་བཞི་རྫོགས་ཀྱི་རྩ་བའི་བླ་མ། མདོ་སྔགས་རྫོགས་གསུམ་དང་བཅས་པར་གཞན་དྲིང་མི་འཇོག་པའི་མཁས་གྲུབ་དམ་པ། སྙིགས་དུས་ཀྱི་འདྲེན་པ་ཆེན་པོ་དོན་གྱི་སླད་དུ་མཚན་ནས་སྨྲས་ན། རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་གང་ཉིད། སྐུ་ཚེའི་མཛད་པ་རེ་ཞིག་རྫོགས་ཏེ་དགོངས་པ་བོན་དབྱིངས་སུ་ཐིམ་པའི་སྐབས་འདིར། ངེད་རེབ་གོང་བོན་མང་དྲ་ཚིགས་ལས་སྒྲུབ་ཁང་གིས་བླ་མ་རིན་པོ་ཆེའི་གདན་ས་བོན་བརྒྱ་སྨན་རིའི་གླིང་གི་གྲྭ་བཙུན་འདུས་པ་སྤྱི་དང་། རེབ་གོང་བོན་མང་རིག་འཛིན་ཕུར་ཐོགས་ཡོངས་ལ་གྲོས་བསྡུར་གྱིས་རྩ་བའི་བླ་མ་རིན་པོ་ཆེའི་བཀའ་དྲིན་རྗེས་སུ་དྲན་པའི་༼ རྗེས་དྲན་ཆེད་དེབ ༽་ཅིག་གང་མྱུར་དུ་དཔར་སྐྲུན་བྱ་འཆར་ཡོད་པའི་བརྡ་སྦྱོར་བཏང་ཞིང་། རྩོམ་བསྡུའི་དུས་ཡུན་ཡང་སྤྱི་ཟླ་བཅུ་བའི་ཚེས་ལྔ་ཉིན་བར་དུ་ཐག་བཅད་མོད། གཅིག་ནས་གཡུང་དྲུང་བོན་གྱི་གནད་ཆེའི་མི་སྣ་མང་བོས་རྩོམ་བསྡུའི་དུས་ཚོད་ཅུང་ཟད་ཐུང་འདུག་པའི་དགོངས་འཆར་བཏོན་པ་དང་། གཉིས་ནས་སྣང་ཞིག་དགོན་ཆེན་དུ་གཡས་རུའི་འཆད་རྩོད་ཆེན་མོ་ཚོགས་ཏེ་བླ་སྤྲུལ་དགེ་བཤེས་མང་བོར་རྩོམ་འབྲིའི་དུས་ཚོད་ཀྱི་ཁོམ་ལོང་མ་བྱུང་བ། གསུམ་ནས་རྗེས་དྲན་ཆེད་དེབ་ཀྱི་དཔེ་རྟགས་ལོ་རྗེས་མར་བསྒུག་དགོས་བྱུང་བ་བཅས་ཀྱིས་ཡང་བསྐྱར་གྲོས་བསྡུར་ཐག་གཅོད་སྒོས་རྩོམ་བསྡུའི་དུས་ཚོད་དེ་ལུགས་རྙིང་གི་ལོ་གསར་བར་དུ་བསྲིངས་ཡོད་པས། རྒྱ་ཆེའི་རྩོམ་པ་པོ་དང་དད་ལྡན་སློབ་འབངས་ཡོངས་ནས་སོ་སོའི་རྩོམ་ཡིག་གང་ལེགས་རེ་ངེད་ལས་སྒྲུབ་ཁང་ལ་བསྐུར་གནང་ཡོད་པ་ཞུ་ཞུ།།

རྩོམ་བསྡུའི་ཆ་རྐྱེན་ནི།

༡  བརྗོད་བྱ་ངེས་པར་དུ་མགོན་པོ་གང་གི་མཛད་པ་འཕྲིན་ལས་དང་འབྲེལ་དགོས།

༢  ཡིག་གྲངས་དང་རྩོམ་ལུས་རྩོམ་སྟངས་ལ་ཚད་བཀག་ཅི་ཡང་མེད།

༣  དེབ་གྲངས་དང་སྲབ་མཐུག་སོགས་ནི་རྩོམ་འབྱོར་བའི་གནས་ཚུལ་ལ་གཞིག་སྟེ་ཐག་གཅོད་རྩིས་ཡོད།

༤  དེབ་འདི་རྒྱལ་ཁབ་ཀྱི་ཚད་ལྡན་དཔེ་སྐྲུན་ཁང་བརྒྱུད་ནས་དཔར་འཆར་ཡོད་པས་རྩོམ་འབྱོར་ཚད་ནང་དུ་འགོད་ཐུབ་པའི་ངེས་པ་མེད།

༥ རྩོམ་ཡིག་གདམ་གསེས་དང་ཞུ་དག་གི་ལས་རིམ་ཁག་ནི་བླ་མ་དགེ་བའི་བཤེས་གཉེན་དག་ལ་གཏུག་ནས་བསྒྲུབ་ངེས་ཡིན།

༦ ལུགས་རྙིང་ལོ་གསར་གྱི་ཚེས་བཅོ་ལྔ་ཉིན་ནས་རྩོམ་ཡིག་བསྡུ་མཚམས་འཇོག་རྒྱུ་ཡིན་པས་དེ་བཞིན་དགོངས་བཞེས་མཛད་རོགས་ཞུ་བ་ལགས་སོ།།

རྩོམ་ཡིག་བསྐུར་ཡུལ།

རེབ་སྐྱིད་ཡར་འཕེལ།  984103380@qq.com

ཁྱུང་དཀར་ཟླ་བ།   568095347@qq.com

ཁྱུང་བཟང་།  591530358@qq.com

 

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།