རེབ་གོང་བོན་མང་གི་ཞི་ཁྲོ་གཅོད་ཀྱི་སྒྲུབ་མཆོད་ཆེན་མོ།

རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་ཞི་ཁྲོ་གཅོད་ཀྱི་སྒྲུབ་མཆོད་ཆེན་མོ་དེ་ད་ལོའི་བོད་ཟླ་ལྔ་བའི་ཚེས ༡༣ ནས ༡༦ བར་རེབ་གོང་གླིང་བརྒྱའི་བོན་ཚང་མའམ་ས་སོ་མ་ནས་འཚོགས་རྒྱུ་རེད་ལ། སྐྱབས་རྗེ་བླ་མ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་ལགས་ཀྱང་སྒྲུབ་མཆོད་ཆེན་མོའི་སྟེང་དུ་ཕེབས་རྒྱུར་ཞལ་བཞེས་གནང་ཡོད་དོ། །

ཧི་མ་ལ་ཡའི་ཡིག་གཟུགས་ཕབ་ལེན་བྱེད་ས།

ཧི་མ་ལ་ཡའི་ཡིག་གཟུགས་ཕབ་ལེན་བྱེད་དགོས་ན་གཤམ་གྱི་དྲ་གནས་འདི་ལས་བླངས་ཆོག  http://www.tibetitw.com/bo/

ཧི་མ་ལ་ཡའི་ཡིག་གཟུགས་བཀོལ་སྤྱོད་བྱ་རོགས།

དྲ་ཚིགས་འདི་ནི་ཧི་མ་ལ་ཡའི་ཡིག་གཟུགས་སྤྱད་པའི་དྲ་ཚིགས་ཤིག་ཡིན་པས་གྲོགས་པོ་ལྷན་རྒྱས་ཚོས་དཔྱད་གཏམ་སྤེལ་སྐབས་ཧི་གཟུགས་སྤྱོད་རྒྱུ་གལ་ཆེ། ཡིག་གཟུགས་གཞན་པ་སྤྱད་ཚེ་དྲ་ངོས་ནས་འཆར་མི་ཐུབ་པས་དེ་དོན་ཐུགས་འཇགས་འཚལ། ཞེས་དོ་དམ་པས།

ཨིན་ཐེར་དྲ་རྒྱ་གཟིགས་ཆས་བདུན་པ་དེ་རིན་མེད་དུ་ཕབ་ལེན་བྱེད་ཆོག་པ།

ཉེ་ཆར་ཨ་རིའི Microsoft ཀུང་ཟི་ཡིས་ཨིན་ཐེར་དྲ་རྒྱ་གཟིགས་ཆས་གསར་བ་དེ་རིན་མེད་དུ་ཕབ་ལེན་དང་བཀོལ་སྤྱོད་བྱེད་དུ་འཇུག་གིན་ཡོད་པ་རེད། གལ་ཏེ་ཁྱེད་ཉིད་ཀྱིས་མ་ལག་རྙིང་བ Windows XP བཀོལ་སྤྱོད་བྱེད་བཞིན་ཡོད་ཚེ་པར་གཞི་གསར་བ་འདི་རང་ཉིད་ཀྱི་རྩིས་འཁོར་ནང་སྒྲིག་འཇུག་བྱོས་དང་། འདིས་བོད་ཡིག་གི་དྲ་ངོས་དག་ལ་པར་སྒྲིག་རང་འགུལ་བྱེད་ཐུབ་པ་ཡིན། ཐད་ཀར་ཕབ་ལེན་བྱེད་སའི་གནས། http://download.microsoft.com/download/4/1/8/418981a4-6ef9-4de6-befc-1a53e886cb62/IE7-WindowsXP-x86-chs.exe ༼གསལ་བཤད། འདི་ནི་རྒྱ་ཡིག་པར་གཞི་ཅན་གསར་ཤོས་དེ་ཡིན།༽

ལེགས་སྐྱེས།

མི་ཡི་རྟེན་བཟང་འདི་ཙམ་རྙེད་ནས་ད་རེག་གི་བར་དུ། ། མེས་པོ་གོང་མའི་ཁྲི་སྟེགས་མ་ཟིན་ལས་སྡུག་གི་འཁྱམ་པོས། ། ཅི་བྱས་གླེང་རིན་མེད་པའི་གྱེར་སྒོའི་དྲ་ཚིགས་ཀྱི་སྐྱེས་འདི། ། འཛམ་གླིང་སྐྱེ་རྒུའི་དབུགས་ངལ་གསོ་བའི་འབབ་སྟེགས་སུ་སྒྲོན་ནོ། ། ཞེས་གླིང་སྐྱེས་ཁྱུང་དཀར་ཟླ་བ་ནས།

རེབ་གོང་བོན་མང་དྲ་ཚིགས་ལེགས་འགྲུབ་བྱུང་བ།

རེབ་གོང་བོན་མང་དྲ་ཚིགས་ནི་ཉིས་སྟོང་བརྒྱད་ལོར་རེབ་གོང་བོན་མང་ཞིབ་འཇུག་ཚོགས་པས་གཙོ་སྒྲུབ་འགན་ལེན་བྱས་ཏེ་བཟོས་པའི་བོད་རིག་པའི་དྲ་གནས་གསར་པ་ཞིག་ཡིན། དྲ་ཚིགས་འདིར་ནང་བསྟན་ཆོས་ལུགས་གྲུབ་མཐའ་ཁག་ལས་བོད་རང་ས་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ཏེ། ལོ་རྒྱུས་ཀྱི་དུས་ཡུན་ཤིན་ཏུ་རིང་བོར་ཕྱིན་པའི་གཡུང་དྲུང་བོན་གྱི་རིག་གནས་སྤྱི་དང༌། ཁྱད་པར་དུ་མདོ་སྨད་བྱང་རྒྱུད་ཨཀྟ་རོང་ངམ་ཡོངས་གྲགས་སུ་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་དུ་འབོད་པའི་ཆར། རྒྱལ་གཤེན་བསྟན་པའི་བརྒྱུད་འཛིན་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་སྒྲུབ་སྡེའི་བྱུང་རིམ་གཙོ་བྱས་པའི་ལོ་རྒྱུས་ཀྱི་སྐོར་དང༌། བཅའ་ག་ཕྱག་ལེན་གྱི་རིམ་པ། གསུང་རབ་དཔེ་ཚོགས་ངོ་སྤྲོད། པར་རིས་དང་རོལ་དབྱངས་སྣ་ཚོགས།དཔྱད་གླེང་དང་རྩོམ་རིག་ར… དེ་ལས་མང་།རེབ་གོང་བོན་མང་དྲ་ཚིགས་ལེགས་འགྲུབ་བྱུང་བ།