གནམ་ལོ་གསར་བའི་ལེགས་སྐྱེས།

«མཚོ་སྔོན་རེབ་གོང་ཕྱོགས་ཀྱི་གནའ་དེང་བོན་དགོན་ཁག་གི་ས་ཁྲ»འདི་ནི་རེབ་གོང་བོན་མང་དྲ་ཚིགས་ལས་སྒྲུབ་ཁང་གི་རེབ་སྐྱིད་ཡར་འཕེལ་ལགས་ཀྱིས་ལོ་ངོ་གཉིས་ལྷག་གི་རིང་ལ་འཆར་ཇུས་བཟོ་བཀོད་གནང་སྟེ་ད་ལོར་ལེགས་འགྲུབ་བྱུང་ཞིང་། ས་ཁྲ་འདིར་བོད་རྒྱ་ཤན་སྦྱར་གྱིས་རེབ་གོང་ས་ཁུལ་གྱི་བོན་དགོན་ཁག་གི་མིང་དང་། ཆགས་གནས་ཁོངས་གཏོགས་ཀྱི་ཤང་དང་བྱེ་བྲག་གི་སྡེ་བ་གཙོར་བཟུང་ནས་ལམ་ཐིག་གསལ་བོར་བཀོད་པ་ཞིག་ཡིན་པ་མ་ཟད། ཉེ་འབྲེལ་གྱི་ཞིང་ཆེན་དང་རྫོང་ཁག་སོ་སོའི་ལམ་ཕྱོགས་དང་བར་ཐག་སོགས་ཀྱང་གསལ་བོར་བཀོད་ཡོད་པས་ཧ་ཅང་ཁ་གསལ་གོ་བདེའི་ས་ཁྲ་མཆོག་ཏུ་གྱུར་བ་ཞིག་ཡིན་འདུག དེ་བས་ཉིས་སྟོང་བཅུ་བདུན་ལོའི་གནམ་ལོ་གསར་ཚེས་ཀྱི་ཉིན་མོ་འདི་ལ་སྐྱབས་རྗེ་བླ་མ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་དང་སྐྱང་སྟོན་རྒྱལ་བའི་དབང་པོ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་རྣམ་གཉིས་ཀྱི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་མཛད་པའི་འཕྲིན་ལས་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་སྨོན་འདུན་དང་བཅས་བོད་མདོ་དབུས་ཁམས་གསུམ་གྱི་སྤུན་ཟླ་ལྷན་རྒྱས་ཡོངས་ལ་གནམ་ལོ་གསར་བའི་ནང་ཁ་རྗེ་དབང་ཐང་དར་ཞིང་ལས་ཀླུང་སྙན་གྲགས་རྒྱས་པ། ནད་མེད་ཚེ་རིང་དང་བཀྲ་ཤིས་བདེ་ལེགས་འབྱུང་བའི་རྟེན་འབྲེལ་གྱི་སྨོན་ཚིག་དང་བཅས་ཕུལ་བ་དགེའོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།