བྲག་དབེན་སེང་གེ་རྫོང་དགོན།

 

རྩོམ་པ་པོ།  ཤེས་རབ་གྲགས་པ།

004བྲག་དབེན་སེང་གེ་རྫོང་དགོན་ནི། ཆུ་ཆེན་རྫོང་ང་ནན་གྲོང་སྡེའི་ཁོངས་སུ་ཡོད་པའི་འཁྲུངས་གཞིས་གཡུང་དྲུང་ལྷ་རྩེའི་གཡས་ཟུར་དུ་སྤྱི་ལེ་བདུན་ཙམ་གྱི་མཚམས་ན་ཡོད། རྗེ་མཉམ་མེད་ཆེན་པོ་ཤེས་རབ་རྒྱལ་མཚན་མཆོག་གིས་ཀྱང་སྒོམ་སྒྲུབ་ཉམས་ལེན་མཛད་དེ་ཡི་དམ་གྱི་ཞལ་གཟིགས་པ་དང་གྲུབ་རྟགས་ངོ་མཚར་བ་བྱུང་ཡོད། ཕྱིས་སུ་དམ་པ་ཁོང་གི་དངོས་སློབ་རྒྱལ་རོང་ཡེ་ཤེས་ཚུལ་ཁྲིམས་དང་། རིན་ཆེན་ཚུལ་ཁྲིམས་རྣམ་གཉིས་ལ། རྗེ་ཉིད་ནས་བཀའ་བསྩལ་བ་ལྟར་ཡང་བསྐྱར་སྒྲུབ་ཁང་སྤུས་ལེགས་ཞིག་གསར་བཞེངས་བྱས་པ་ནས། སྤྱི་ལོ་༡༩༥༨བར་དུ་དར་རྒྱས་སུ་གནས་ཡོད། ད་ལྟ་འཇིག་ཤུལ་ཞིག་ལས་མེད་ནའང་། སྔོན་ཆད་བྲག་སྐེད་དུ་གསས་ཁང་གོང་འོག་བཞི་བཞེངས་ཡོད། གསས་ཁང་གོང་མའི་ནང་དུ་རྫོགས་ཆེན་སྙན་བརྒྱུད་ཀྱི་བླ་རབས་དགོངས་རྒྱུད་དགུ་ནས་འཇའ་ལུས་ཉེར་བཞི་དང་། བླ་རྒྱུད། ཡི་དམ་སྐོར་སོགས་ལྷ་ཚོགས་གྲངས་མང་ལྡེབས་རིས་སུ་མཆིས། གསས་ཁང་འོག་མའི་ནང་དུ་བདེར་གཤེགས་གཙོ་བཞི་དང་བྱམས་མ་སོགས་ཞུ་བའི་ལྷ་ཚོགས་སྐོར་དང་། གསས་ཁང་གཞན་པ་གཉིས་བཤིགས་གཏོར་བྱས་ནས་ད་སྐབས་རྩིག་རལ་ལས་མེད་པར་གྱུར། མ་འོངས་པར་དེ་ལའང་རྨེའུ་དགེ་བཤེས་འཇམ་དབྱངས་བརྩོན་འགྲུས་མཆོག་གིས་ཉམས་གསོ་བྱ་རྒྱུའི་ཐུགས་འདུན་བསྐྱངས་འདུག་པ་བཅས་སོ། །

003 002 001བྲག་སེང་གེ་རྫོང་དགོན་གྱི་གྱང་ངོས་ལྡེབ་རིས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།