ཤར་ཁོག་གམ་ཟིང་ཆུ་ཁོག་འདི་སྔར་ཞང་ཞུང་སྒོ་ཕུག་བར་གསུམ་ནང་ནས་སྒོ་བའི་སྒོ་བ་སྟེ་སུམ་པ་གླང་གི་གྱིམ་ཤོད་ཀྱི་ཁོངས་སུ་འདུས་པ་ངོས་འཛིན་བྱས་ན་སྐྱོན་ཡོད་དམ།

       ཟིང་ཆུའམ་ཟོང་ཆུ་ཡུལ་སྐད་དུ་ཤར་ཁོག་ཏུ་གྲགས་པ་འདིའི་ཤེས་རིག་དང་ཆབ་སྲིད་གང་ཅིའི་ཐད་ནས་ལོ་རྒྱུས་བོད་སྐད་དུ་བྲིས་ཡོད་པ་ད་བར་མ་མཐོང་།  ཞང་ཞུང་སྙན་རྒྱུད་ཀྱི་ལོ་རྒྱུས་ལྟར་ན་སུམ་པ་གླང་གི་གྱིམ་ཤོད་ནི་བོད་ཀྱི་བྱང་ཕྱོགས་ཀྱི་ས་གནས་བྱང་དང་རའི་ཁུལ་དུ་ཡོད་པར་གསུངས། སྤྱིར་ཡུལ་སུམ་པ་ནི་ཨ་མདོ་མཚོ་སྔོན་ཁུལ་ཡིན་པར་འདོད་ལ་དེ་རྒྱའི་ཡིག་ཚང་དུ་བཤད་པའི་སུ་པི་ཞེས་པ་དང་དོན་གཅིག  དེར་བརྟེན་ཤར་ཁོག་དེ་སུམ་པ་གླང་གི་གྱིམ་ཤོད་ཀྱི་ཁོང་དུ་འདུས་པ་ཁག་པོ་རེད་སྙམ།  ཞིབ་འཇུག་པ་ཁ་ཤས་ཀྱིས་སུམ་པ་དང་འ་ཞ་དང་འབྲེལ་ནས་ཡོད་པར་འདོད།  འ་ཞ་ནི་མཚོ་སྔོན་ཤར་དང་ལྷོ་ལ་ཡོད་པ་བཙན་པོ་སྲོང་བཙན་སྒམ་པོས་དུས་རབས་བདུན་པའི་ནང་བཅོམ་པར་བཤད་དོ།  །

དྲི་བ་མཁན། གཙོ་ཁམས་ཆེན།
ལན་འདེབས་མཁན། མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།