གཡུང་དྲུང་བོན་ལུགས་འདི་ཉིད་འཛམ་གླིང་དུ་དར་ནས་ད་བར་དུ་ལོ་ངོ་ག་ཚོད་ཕྱིན་ཡོད་པ་ཚན་རིག་དང་མཐུན་པའི་སྒོ་ནས་ཁས་ལེན་ཐུབ་ཀི་ཡོད་དམ།

       བོན་ལུགས་ཀྱི་བསྟན་རྩིས་འགར་བཤད་པ་ལྟར་ན་སྟོན་པ་གཤེན་རབ་མི་བོ་ཆེ་འཁྲུངས་ནས་ད་བར་མི་ལོ་སྟོང་ཕྲག་བཅོ་བརྒྱད་ཕྱིན་པར་བཤད་པ་ནི་ཚན་རིག་དང་འཛམ་གླིང་སྤྱི་འགྲོས་ཀྱི་ལོ་རྒྱུས་ཐོག་ནས་ངོས་ལེན་བྱེད་མི་ཐུབ།  རྒྱུ་མཚན་ནི་སྤྱིར་འཛམ་གླིང་དུ་རྒྱལ་ཁབ་སྔོན་ཐོན་ཅན་ཁ་ཤས་ནང་ལ་འགྲོ་བ་མིའི་རིག་གཞུང་དར་ནས་ལོ་ངོ་སྟོང་ཕྲག་དྲུག་ཙམ་མ་གཏོགས་ཕྱིན་མེད་པས་ཡིན།  དེར་བརྟེན་གཡུང་དྲུང་བོན་འཛམ་བུ་གླིང་དུ་ག་དུས་དར་བའི་དུས་ཚོད་བཤད་ཐུབ་པ་ཕར་བཞག་བོད་རང་དུ་དེ་དར་བའི་དུས་ཚོད་ཀྱང་ད་དུང་གཏན་འཁེལ་ཐུབ་མེད།

དྲི་བ་མཁན། གཙོ་ཁམས་ཆེན།
ལན་འདེབས་མཁན། མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།