སྟོན་པ་གཤེན་རབ་ལ་སྲས་ག་ཚོད་ཡོད་དམ།

སྤྱིར་སྟོན་པ་གཤེན་རབ་ལ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་སྲས་བཏགས་པ་ཙམ་དུ་མ་ཡོད་ཀྱང་།  སྐུའི་སྲས་དངོས་ལ།  གཏོ་བུ་འབུམ་སངས་དང་།  དཔྱད་བུ་ཁྲི་ཤེས།  ལུང་འདྲེན་གསལ་བ།  རྒྱུད་འདྲེན་སྒྲོན་མ།  འོལ་དྲུག་ཐང་པོ།  མུ་ཆོ་ལྡེམ་དྲུག    ཀོང་ཚ་འཕྲུལ་བུ་ཆུང་། ཀོང་ཚ་གཡུང་དྲུང་དབང་ལྡན་བཅས་སྲས་བརྒྱད་དང་།  སྲས་མོ་གཤེན་བཟའ་ནེའུ་ཆེན་མ་དང་།  ནེའུ་ཆུང་མ་གཉིས་བཅས་སྲས་ལྕམ་དྲལ་བཅུ་ཡོད་པའོ།།

འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།