སྟོན་པས་གསུངས་པའི་བོན་སྒོ་དེ་དག་གི་བརྒྱུད་ཁུངས་དང་འདུས་མདོ་གཙོ་བོ་ག་རེ་ཡིན་ནམ།

བོན་སྒོ་རྣམས་བརྒྱུད་ཁུངས་ཀྱི་དབང་དུ་བྱས་ན།  ཕྱི་རྒྱུད་ཐམས་ཅད་སྤྲུལ་པའི་སྐུ་ལས་བརྒྱུད་པ་དང་། ནང་རྒྱུད་ཐམས་ཅད་རྫོགས་པའི་སྐུ་ལས་བརྒྱུད་པ། གསང་རྒྱུད་ཐམས་ཅད་བོན་གྱི་སྐུ་ལས་བརྒྱུད་པས་བོན་སྒོ་ཕྱི་ནང་གསང་གསུམ་གྱི་བརྒྱུད་ཁུངས་མཐར་ཐུག་སྐུ་གསུམ་ལ་ཐུག་པའོ།།   བོན་རྣམས་འདུས་དོན་གྱི་དབང་དུ་བྱས་ན།  ཕྱི་རྒྱུད་སྤྲུལ་པའི་སྐུ་ལས་བརྒྱུད་པ་རྣམས་མདོ་དང་།  ནང་རྒྱུད་རྫོགས་སྐུ་ལས་བརྒྱུད་པ་རྣམས་ལ་སྔགས།  གསང་རྒྱུད་བོན་སྐུ་ལས་བརྒྱུད་པ་རྣམས་ལ་སེམས་སྡེ་བཅས་བོན་སྒོ་ཐམས་ཅད་འདུས་མདོ།  མདོ་སྔགས་སེམས་གསུམ་ལ་འདུས་པའོ།།

འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།