མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་གཙོ་བོ་ག་རེ་བྱེད་དགོས་སམ།

   ཕྱི་མདོ་ཡི་གཞུང་ལུགས་གཙོ་བོ་མཚན་ཉིད་སྡེ་ལྔ་སྟེ་ཟབ་མོ་སྟོན་པ་འབུམ་སྡེ་དང་།  ཚུལ་ཁྲིམས་རྣམ་དག་འདུལ་བའི་སྡེ།  ལས་འབྲས་སྟོན་པ་མདོ་ཡི་སྡེ།  ཆགས་གནས་སྟོན་པ་མཛོད་ཀྱི་སྡེ།  གཞལ་བྱ་དབུ་ཚད་རིག་པའི་སྡེ་དང་ལྔའོ།། ནང་གསང་སྔགས་ཀྱི་གཞུང་ལུགས་གཙོ་བོ་སྤྱི་སྤུངས་བསྒྲགས་པ་སྐོར་གསུམ་སྟེ།  འཆི་མེད་ཡུམ་སྲས་གཤེན་སོགས་ནས་བརྒྱུད་པའི་སྟེང་ལྷ་ཡུལ་དུ་བསྒྲགས་པ་དོན་རྒྱུད་རྒྱས་པའི་སྐོར་དང་། འོག་ཀླུ་ཡུལ་དུ་བསྒྲགས་པ་བསྡུས་དོན་མན་ངག་གི་སྐོར། བར་མི་ཡུལ་དུ་བསྒྲགས་པ་ལུང་དོན་འབྲིང་པོའི་སྐོར་གསུམ་ལ་སྤྱི་སྤུངས་བསྒྲགས་པ་སྐོར་གསུམ་མོ།།  གསང་བ་སེམས་ཕྱོགས་ཀྱི་གཞུང་ལུགས་གཙོ་བོ་ཞང་ཞུང་སྙན་བརྒྱུད་བཀའ་རྒྱུད་སྐོར་བཞི་སྟེ་ཕྱི་ལྟ་བ་སྤྱི་གཅོད་དང་།  ནང་མན་ངག་དམར་ཁྲིད།  གསང་བ་རིག་པ་གཅེར་མཐོང་།  ཡང་གསང་གནས་ལུགས་ཕུགས་ཆོད་དང་བཞི་བཅས་གཙོ་བོར་འཛིན་དགོས་པ་ཡིན།

འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།