བོན་བསྟན་འབྱུང་ཡུལ་ཞང་ཞུང་སྒོ་ཕུགས་བར་གསུམ་ངོས་འཛིན་སྟངས་ག་འདྲ་ཡིན་ནམ།

    བོན་གཞུང་ཁག་ནང་ཞང་ཞུང་སྒོ་ཕུགས་བར་གསུམ་ངོས་འཛིན་སྟངས་མི་འདྲ་བ་ཁ་ཤས་ཡོད་ཀྱང་།   ཡོངས་གྲགས་ལ་སྟོན་པ་གཤེན་རབ་ཀྱི་འཁྲུངས་ཡུལ་རྟག་གཟིགས་འོལ་མོ་ལུང་རིང་ལ་ཞང་ཞུང་ཕུགས་པ་དང་།  རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱི་གདན་ས་རྒྱལ་མཁར་བར་ཆོད་པ་ལ་ཞང་ཞུང་བར་པ།   སྟོད་ཁྱུང་ལུང་དངུལ་མཁར་སྐོར་བཅས་ལ་ཞང་ཞུང་སྒོ་པ་ཞེས་འབོད།  ཞང་ཞུང་སྒོ་པ་ལའང་སྒོ་ཕུགས་བ་གསུམ་བརྩི་སྐབས་སྟོད་ཁྱུང་ལུང་དངུལ་མཁར་སྐོར་བཅས་ལ་ཕུགས་པ་དང་།  བྱང་དྭང་ར་དང་རྟ་སྒོའི་སྐོར་བཅས་ལ་བར་པ།  སྨད་སུམ་པ་གླང་གི་གྱིམ་ཤོད་ཕལ་ཆེར་རྩེ་དྲུག་སྐོར་བཅས་ལ་སྒོ་པ་ཞེས་འབོད་སྲོལ་ཡོད།  སྒོ་པའི་ཡུལ་ཁམས་སྤྱི་ལ་སྟོད་ཁ་ཆེ་ཀ་ཤི་མེར་ཕྱིན་ཆད་དང་།  སྨད་སུམ་པ་གླང་གི་གྱིམ་ཤོད་ཡན་ཆད།  བྱང་རྒྱུད་ཧོར་རམ་སོག་པོ་ཚུན་ཆད།  ལྷོ་རྒྱུད་རྒྱ་གར་དང་བལ་པོ་ཚུན་ཆད་བཅས་སྟོད་སྨད་ལྷོ་བྱང་བཞི་ལ་སྔར་ཡུལ་ཁམས་དྲུག་ཅུ་དང་།  ཁྲི་སྡེ་བརྒྱད་ཅུ་ལ་མངའ་དབང་བསྒྱུར་བའི་རྒྱལ་པོ་བྱ་རུ་ཅན་བཅོ་བརྒྱད་ནས་བཟུང་ཞང་ཞུང་གི་རྒྱལ་བརྒྱུད་ཐ་མ་ལིག་མི་རྐྱ་ཞེས་བོད་རྒྱལ་སྲོང་བཙན་དང་ཁྲི་སྲོང་གི་དུས་མཉམ་བར་དུ་ཡིན་ནོ།།

འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།