བོན་བསྟན་སྔ་དར་དང་ཕྱི་དར་ཟེར་བ་ག་འདྲ་ཡིན་ནམ།

      དེ་ལ་འདུལ་བསྟན་དང་། སྔགས་བསྟན་གཉིས་ཡོད་པའི་འདུལ་བསྟན་སྔ་དར་ནི་སྟག་གཟིག་གི་མཁན་བརྒྱུད་རྫུ་འཕྲུལ་ཡེ་ཤེས་སྟག་གཟིག་ནས་ཞང་ཞུང་དུ་ཕེབས་པ་ནས་བཟུང་བོད་རྒྱལ་དིང་ཁྲི་བཙན་པོ་དང་དུས་མཚུངས་མུ་ཟི་གསལ་བཟང་འགོག་པར་མ་བཞུགས་པའི་བར་དུ་ཡིན།  ཕྱི་དར་ནི་མུ་ཟི་གསལ་བཟང་འགོག་པར་ལོ་སྟོང་དང་བརྒྱད་བརྒྱར་བཞུགས་ཏེ་སླར་སོག་སྟོན་ཁྲི་འབར་ཚུལ་ཁྲིམས་ལ་དྲང་སོང་གཅིག་རྫོགས་གནང་བ་ནས་བཟུང་འདུལ་བསྟན་ཕྱི་དར་འགོ་ཚུགས་པའོ།།  སྔགས་བསྟན་ལ་སྔ་དར་དང་།  བར་དར། ཕྱི་དར་གསུམ་ལས། དང་པོ་སྔ་དར་ནི་བོད་རྒྱལ་གཉའ་ཁྲི་ཡབ་སྲས་ནས་བཟུང་རྒྱལ་པོ་གྲི་གུམ་བཙན་པོས་བོན་མ་བསྣུབས་པའི་བར་དུ་ཡིན།  བར་དར་ནི་གྲི་གུམ་གྱིས་བོན་བསྣུབས་ནས་སྲས་སྤུ་ལྡེ་གུང་རྒྱལ་གྱིས་སླར་བོན་བསྟན་དར་སྤེལ་བྱས་པའི་དུས་ཡུན་དང་།
ཕྱི་དར་ནི་ཁྲི་སྲོང་ལྡེ་བཙན་གྱིས་བོན་བསྣུབས་ནས་ཕྱིས་གཏེར་སྟོན་གཤེན་གྱེར་རྨ་དབྱིལ་སོགས་ཀྱིས་གཏེར་ཞལ་ཕྱེས་པ་ནས་བཟུང་སྔགས་བསྟན་ཕྱི་དར་འགོ་ཚུགས་པའོ།།

འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།