བོན་པོས་སྐོར་བ་གཡས་སྐོར་བྱ་དགོས་དོན་ག་རེ་ཡིན་ནམ།

    སྤྱིར་སྐོར་བ་གཡས་གཡོན་ཟེར་བ་ནི།  རིགས་པའི་སྒོ་ནས་བརྟགས་ན།  བསྐོར་བའི་ཡུལ་གྱི་གཡས་གཡོན་དང་།  སྐོར་མཁན་གང་ཟག་གི་གཡས་གཡོན་ཐོག་ནས་ངོས་འཛིན་སྟངས་ཤིག་ཡིན་པས་གཡས་གཡོན་ཁ་ཚོན་ཆོད་པ་ཞིག་དཀའ་ལ། ལུང་གི་སྒོ་ནས་བརྟག་ན་གཙོ་ཆེ་སྟེ་སོ་སོའི་གཞུང་ཚད་མ་ཁག་ནང་སྐོར་བ་གཡས་གཡོན་ལུང་གིས་ཟིན་ན་ཁུངས་བཙུན་པས་སྐོར་བ་ལ་གཡས་སྐོར་ཕྱག་རྒྱ་ཆེན་པོ་དང་།  གཡོན་སྐོར་རྫོགས་ཆེན་པོ་ཟེར་བ་གཉིས་ཡོད་ཀྱང་། བོན་ལུགས་གཡས་སྐོར་བྱ་དགོས་དོན་ནི་གཞུང་གི་དགོངས་པ་ཡིན་ཏེ།  མདོ་དྲི་མེད་ལས།  “གཡུང་དྲུང་ཞབས་ནི་གཡས་སྐོར་རོ”ཞེས་དང་།  “བྱ་ངང་པའི་འགྲོས་ལྟར་འགྱིང་ཡང་མི་འགྱིང་།  བྲེལ་ཡང་མི་བྲེལ་བར།   དལ་འགྲོས་དང་ལྡན་པར་བྱས་ལ་གཡས་སྐོར་དུ་གཤེགས”ཞེས་སོགས་གསུངས་པའི་གནད་ཀྱིས་བོན་ལུགས་ཀྱི་གཡུང་དྲུང་གཡས་སྐོར་བྱེད་པ་དང་།  སྐོར་བ་གཡས་སྐོར་ཟེར་བ་རྒྱུ་མཚན་དེ་དག་ལ་ཐུག་གོ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།