སྔར་ནས་ད་བར་བོད་ལ་ཆོས་ལུགས་ཆེན་པོ་ལྔའི་འཕེལ་རིམ་བྱུང་སྟངས་ག་འདྲ་ཡིན་ནམ།

  སྔར་ཞང་ཞུང་གི་རྒྱལ་པོ་བྱ་རུ་ཅན་བཅོ་བརྒྱད་དང་།  དེ་རྗེས་བོད་རྒྱལ་གཉའ་ཁྲི་བཙན་པོ་ནས་བཟུང་གནམ་རི་སྲོང་བཙན་བར་བོད་རྒྱལ་སོ་གཉིས་ཀྱི་རིང་ལ་བོད་གངས་ཅན་ལྗོངས་ཀུན་ལ་ཞྭ་དཀར་གཡུང་དྲུང་བོན་གྱི་ཆོས་ལུགས་འབའ་ཞིག་དར། དེ་རྗེས་བོད་རྒྱལ་སྲོང་སྒམ་པོ་ནས་བཟུང་སྔ་འགྱུར་རྙིང་མའི་ཆོས་ལུགས་དར་རྒྱས་ཕྱིན། དེ་འོག་རྒྱལ་བ་བཀའ་བརྒྱུད་པའི་ཆོས་ལུགས་དར་རྒྱས་ཆེ་བ་བྱུང་།  དེ་རྗེས་དཔལ་ལྡན་ས་སྐྱའི་ཆོས་ལུགས་འཕེལ་རྒྱས་ཕྱིན།  དེ་རྗེས་རི་བོ་དགེ་ལྡན་པའི་བསྟན་པ་དར་རྒྱས་ཕུན་སུམ་ཚོགས་པ་བྱུང་སྟེ་དེང་སྐབས་བོད་ལ་རི་བོ་དགེ་ལྡན་པའི་བསྟན་པ་དར་ཁྱབ་ཆེ་ཡོད་པ་རེད།  གང་ལྟར་ཆོས་ལུགས་དེ་དག་དུས་རབས་རིམ་བྱུང་ལྟར་འཕེལ་རྒྱས་ཕྱིན་པ་ནང་བཞིན་བོད་ཀྱི་སྲིད་དབང་དེའང་ཆོས་ལུགས་དར་རིམ་བཞིན་དུས་སྐབས་སོ་སོར་དབང་བསྒྱུར་བྱས་ཡོད་ཀྱང་དུས་ཀྱི་འགྱུར་ལྡོག་དང་སྤྱི་ཚོགས་ཀྱི་འཕོ་འགྱུར་ནི་སུས་ཀྱང་བཟློག་ཐབས་མེད་པའི་འཇིག་རྟེན་གྱི་རང་གཤིས་ཤིག་ཡིན་པར་བརྟེན་བསྟན་པ་ཆབ་སྲིད་གང་ཡིན་ཀྱང་འཕེལ་འགྲིབ་ཀྱི་རང་བཞིན་དང་འགྱུར་ལྡོག་གི་རྣམ་པ་ཅན་མ་གཏོགས་མི་འགྱུར་རྟག་པའི་རང་བཞིན་ཅན་ཞིག་ག་ལ་གནས་སྲིད།

འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།