བོན་གྱི་བསྟན་སྲུང་བོན་སྐྱོང་སྲུང་མ་གཙོ་བོ་ག་རེ་ཡིན་ནམ།

སྤྱིར་ལུགས་སོ་སོའི་སྲུང་མ་དང་། ཡི་དམ་ཁག་གི་སྒེར་སྲུང་འདྲ་མིན་ཅི་རིགས་ཡོད་ཀྱང་། གཙོ་བོར་བོན་སྐྱོང་ཕོ་རྒྱུད་དང་། མོ་རྒྱུད་གཉིས་ཡོད་པའི་ཕོ་རྒྱུད་ནི། བསྟན་སྲུང་རྨ་གཉན་སྤོམ་ར་དང་། མི་བདུད་འབྱམས་པ་ཁྲག་མགོ བྲག་བཙན་ཨ་བསེ་རྒྱལ་བ། བཙན་རྒོད་ཧུར་པ་གསོད་རྐྱེན། རྒྱལ་པོ་ཉི་པང་སད། གཉེན་རྗེ་གོས་སྔོན། ནོར་བདག་ཀུ་བེ་ར། རྒྱལ་ཆེན་ཤེལ་ཁྲབ་འབར་བ། རྒྱལ་ཆེན་གྲགས་སེང་། རྗེ་ཡི་འགུལ་ལྷ་བཅུ་གསུམ་ལ་སོགས་དམ་ཅན་ཕོ་རྒྱུད་ཀྱི་སྡེ་ཚོགས་དང་། མོ་རྒྱུད་ལ། བསྟན་སྲུང་གཙོ་མོ་མ་མཆོག་སྲིད་པའི་རྒྱལ་མོ་དྲེའུ་དམར་ནག་གཉིས་དང་། སྲིད་པའི་རྒྱལ་མོ་སྡེ་དྲུག སྲིད་རྒྱལ་གྱི་སྐུ་གསུང་ཐུགས་སྤྲུལ་དབལ་མོ་ཉེར་བདུན། བཀའི་བྱ་ར་མ་གསུམ། བཀའ་བློ ན་དུས་བཞིའི་རྒྱལ་མོ་བཞི། དམ་ཅན་ཡུམ་སྲས་སྡེ་ལྔ། དམག་དཔོན་མ་དགུ སྒྲ་བླའི་རྒྱལ་མོ། བྱང་སྨན་ཀུ་མ་ར། གསང་ཡུམ་ཀླུ་མོ་འོད་འབར། ཡང་སྤྲུལ་བརྟན་མ་བཅུ་གཉིས་སོགས་དམ་ཅན་མོ་རྒྱུད་ཀྱི་སྡེ་ཚོགས་བཅས་ཡོད་པའོ།།

 འགོ་བ་དགེ་བཤེས་བསྟན་ཛིན་འབྲུག་གྲགས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།