དྲན་པ་ཡབ་སྲས་གསུམ་གྱི་གསོལ་འདེབས།

SAMSUNG DIGITAL CAMERA
༄༅། ། ཨེ་མ་ཧོ། གནས་མཁའ་སྤྱོད་བདེ་ཆེན་ཕོ་བྲང་ན། །

སྐྱབས་བླ་ཆེན་དྲན་པ་ཡབ་སྲས་གསུམ། །

སྐུ་གསལ་སྟོང་འགྱུར་མེད་བདེ་ཆེན་ངང་། །

གསུང་གྲགས་སྟོང་འགག་མེད་བོན་ཆོས་སྒྲོགས། །

ཐུགས་རིག་སྟོང་སྤྲོས་བྲལ་ཀུན་ཏུ་བཟང་། །

བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །

དུས་སྙིགས་མ་ལྔ་བདོའི་འགྲོ་བ་རྣམས། །

ཕྱོགས་རིས་མེད་སྐྱོབ་པ་ཞལ་འཆེས་བཞིན། །

བདག་ལ་སོགས་ཉམ་ཐག་སེམས་ཅན་ལ། །

སྐྱབས་ཐུགས་རྗེ་མ་ཆུང་མྱུར་བར་གཟིགས། །

རྐྱེན་ངན་པའི་བར་ཆད་བསླུ་བ་ཟློག །

ལམ་ཐར་བ་སྒྲུབ་པའི་མཐུན་རྐྱེན་སྤོར། །

ཚེ་འདི་དང་ཕྱི་མ་བར་དོ་ལ། །

སྐྱབས་བླ་ཆེན་ཚེ་དབང་གུ་རུ་གསུམ། །

གནས་སྙིང་ག་པདྨོའི་གདན་བཞུགས་ནས། །

བཀའ་བདེན་པའི་ལུང་བསྟན་མ་ནོར་བར། །

མཆོག་ཁྱེད་དང་དབྱེར་མེད་འགྲུབ་པར་མཛོད། །

ཞེས་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་ནས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།