སྔགས་ཆས་ཁ་ཊཾ་གི་ངོ་སྤྲོད་རགས་བསྡུས།

1132366237

   ཁ་ཊཾ་ཀའི་བྱ་ཚུལ་ནི། རྣལ་འབྱོར་གྱི་རྒྱུད་ལས། ཐབས་ཤེས་ཕྱག་རྒྱ་རང་སྣང་འཁོར་ལོ་བསྒྱུར། ། དངོས་མེད་དངོས་མཚན་བདེ་སྟོང་ཁ་ཊཾ་ཀ། ། འདོམ་གྲུ་མཐོ་ལྡན་བུམ་པ་རྒྱ་གྲམ་སྟེང་། ། རློམ་སྙིང་སྐམ་པོ་མགོ་ལ་རྩེ་གསུམ་བྱ། ། ཞེས་དང་། ཁ་ཊཾ་ཀའི་ལྷའི་སྐུ་བདེ་བ་ཆེན་པོའི་རང་བཞིན་དངོས་པོ་དོན་དམ་པ་བྱང་ཆུབ་སེམས་ཀྱི་ངོ་བོ་དབྱེར་མེད་མ་མཆིས་པའི་དངོས་ནི། ཁ་ཊཾ་གི་རྩེ་གསུམ་དྲུག་གསུམ་བཅོ་བརྒྱད་པ་ཨ་ལུང་དྲུག་ཕ་རོལ་ཕྱིན་དྲུག་དང་། ཐོད་པ་སྐམ་རློམ་སྙིང་གསུམ་བོན་ལོངས་སྤྲུལ་གསུམ་དང་། སྣ་ཚོགས་རྡོ་རྗེ་ནི་རོལ་བའི་ཐོར་ཅོག་ལ་མཚོན་ཆའི་སྣ་ཚོགས་བསྒྲུབས་པ་དང་། བུམ་པ་ནི་བྱང་སེམས་ཀྱི་བདུད་རྩི་གང་བ་དང་། དྲིལ་བུ་དང་དར་སྣ་ཚོགས་ནི་ཐེག་པ་ཆེན་པོ་བོན་གྱི་སྒྲ་ཡིས་འགྲོ་བ་ཐར་བའི་ལམ་ལ་བཀྲིད་ཅིང་ཉོན་མོངས་པ་མ་སྤངས་ཡེ་ཤེས་ཀྱི་རྒྱུན་དུ་གྱུར་བ་དང་། ཡུ་བ་ལུས་ཚད་ཡོད་པ་ནི་རང་དང་མཉམ་པའི་ལྷ་ལ་སྦྱར་ན་ལུས་སེམས་ལ་བདེ་བ་ཆེན་པོ་སྐྱེ་ཞིང་། བདེ་བ་ཆེན་པོ་དེ་ཡང་སྟོང་ཞིང་བདག་མེད་པ་བྱང་སེམས་ཀྱི་རང་རྩལ་དུ་ཤེས་པ་དང་། ཡུ་བ་མར་སྣེ་རྡོ་རྗེ་རྩེ་ཕྱེད་ཀྱིས་མཚན་པ་ནི་འཁོར་བ་གཞི་མེད་རྩ་བྲལ་དུ་བཏང་བའི་བརྡ་རུ་ཤེས་པར་བྱའོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།