བྱམས་མའི་གཡང་འབོད་བཞུགས་སོ། །

བྱམས་མའི་གཡང་འབོད་བཞུགས་སོ། །

xianma༄༅། ། ཨེ། དབྱིངས་ཉིད་སྤྲོས་བྲལ་ནམ་མཁའི་དཀྱིལ་འཁོར་ནས། །རྒྱལ་ཡུམ་བྱམས་ཆེན་ལྷ་མོ་གཙོ་འཁོར་བཅས། །དེ་རིང་འགྲོ་ལ་ལེགས་པའི་ཕྱྭ་གཡང་ཉིད། །འབེབས་ཕྱིར་བྱོན་ལ་དགྱེས་བཞུགས་བྱིན་ཆེན་ཕོབས། །མཁྱེན་རབ་གསེར་གྱི་རི་དབང་སྤོ་མཐོན་རྩེར། །བླ་མེད་ཐེག་མཛོད་ཡོངས་འདུས་དབང་བོ་ཡིས། །བསྟན་འགྲོར་དཔལ་སྦྱིན་མཚན་ལྡན་བླ་མའི་གཡང༌། །དེ་རིང་རྒྱལ་ཡུམ་བྱམས་མས་གཡང་དུ་ལོངས། །མོས་འཇུག་ནོར་འཛིན་ལྟོ་བ་རབ་ཡངས་ལས། །ཚུལ་གསུམ་གྱིས་སྨིན་ཆུ་སྐྱེས་གསར་བའི་ཚལ། །དགེ་བཅུའི་དྲི་བསུང་འཐུལ་བ་སློབ་བུའི་གཡང༌། །དེ་རིང་རྒྱལ་ཡུམ་བྱམས་མས་གཡང་དུ་ལོངས། །ཟབ་ཞི་སྤྲོས་བྲལ་བདེ་ཆེན་ནམ་མཁའ་ལས། །བདེན་གཉིས་རྒྱུད་མཛོད་ལུང་གི་ཆར་ཆེན་གྱིས། །སྨིན་གྲོལ་སྙེ་མ་འཛུམ་པ་བོན་གྱི་གཡང༌། །དེ་རིང་རྒྱལ་ཡུམ་བྱམས་མས་གཡང་དུ་ལོངས། །སྡེ་སྣོད་རྒྱ་མཚོར་བསྙེམས་པའི་ལང་ཚོ་རྒྱས། །བསླབ་གསུམ་རྒྱན་སྤྲས་རིག་གྲོལ་མཚོན་རྣོ་ཞིང༌། །མཁས་བཙུན་བཟང་གསུམ་འཛོམས་པ་འདུས་སྡེ་གཡང༌། །དེ་རིང་རྒྱལ་ཡུམ་བྱམས་མས་གཡང་དུ་ལོངས། །རིས་མེད་གྲུབ་མཐའ་ཡོངས་བཀྲ་གླིང་བཞིའི་དབུས། །རྣམ་དག་ཧོས་སྒོ་བརྒྱད་ཁྲིའི་བ་གམ་རྩེར། །གྲགས་སྙན་བ་དན་གཡོ་བ་བསྟན་པའི་གཡང༌། །དེ་རིང་རྒྱལ་ཡུམ་བྱམས་མས་གཡང་དུ་ལོངས། །དུས་གསུམ་རྒྱལ་བའི་འཕྲིན་ལས་ནོར་བུའི་གཡང༌། །སྒོ་གསུམ་དད་བརྒྱའི་རྒྱལ་མཚན་རྩེར་མཆོད་པའི། །སྣོད་གསུམ་སྟོབས་འབྱོར་གདུལ་བྱ་ཡོན་བདག་གཡང༌། །དེ་རིང་རྒྱལ་ཡུམ་བྱམས་མས་གཡང་དུ་ལོངས། ། གཙང་མཛེས་དལ་འབྱོར་རྟེན་གྱི་ཞིང་ས་ལ། །རྣམ་དཀར་ཚོགས་ཀྱི་ས་བོན་ཡོངས་སྨིན་ནས། །བདེ་སྐྱིད་ལོ་འབྲས་ལེགས་པ་ཡུལ་གྱི་གཡང༌། །དེ་རིང་རྒྱལ་ཡུམ་བྱམས་མས་གཡང་དུ་ལོངས། །མི་མཐུན་ཆུ་འཛིན་རྒྱ་ལས་རྣམ་གྲོལ་ཞིང༌། །ཚེ་བསོད་གཟི་བརྗིད་ཉི་ཟླའི་འོད་འབར་བ། །དབང་ཐང་མི་ནུབ་དགུང་དུ་ཤར་བའི་གཡང༌། །དེ་རིང་རྒྱལ་ཡུམ་བྱམས་མས་འདི་རུ་སྩོལ། །དཔལ་འབྱོར་བཙན་ཕྱུག་ལྷོ་སྤྲིན་དཀྲིགས་ཀློང་ནས། །སྙན་གྲགས་དབྱར་གྱི་རྔ་གསང་ལྡིར་བ་དང༌། ། ལྷན་ཅིག་འདོད་དགུའི་སྦྲང་ཆར་འབེབས་པའི་གཡང༌། །དེ་རིང་རྒྱལ་ཡུམ་བྱམས་མས་འདི་རུ་སྩོལ། །འཆི་མེད་བཅུད་ལྡན་ཟིལ་དངར་དཔག་བསམ་ཤིང༌། །དགོས་འདོད་གཏེར་འབྱུང་ལྷ་ཀླུའི་ནོར་བུ་དང༌། །ཕུན་ཚོགས་སྡེ་བཞིའི་དཔལ་འཛོམས་ཕྱྭ་དང་གཡང༌། །དེ་རིང་རྒྱལ་ཡུམ་བྱམས་མས་འདི་རུ་སྩོལ། །རིག་ལྡན་ཅང་ཤེས་རྟ་དང་གླང་བོ་ཆེ། །འདོད་འཇོའི་བ་དང་མ་ཧེ་མཛོ་འབྲི་གཡག །ར་ལུག་རྟོལ་འགར་དཀོར་ནོར་རྐང་འགྲོའི་གཡང༌། །དེ་རིང་རྒྱལ་ཡུམ་བྱམས་མས་འདི་རུ་སྩོལ། །བཀྲ་ཤིས་རྟགས་བརྒྱད་རིན་ཆེན་ནོར་བདུན་དང༌། །གསེར་དངུལ་ནས་འབྲས་དར་ཟབ་དབྱི་སྤྱང་སོགས། ། ནོར་ཟས་གོས་རྒྱན་ལོངས་སྤྱོད་གཏེར་གྱི་གཡང༌། །དེ་རིང་རྒྱལ་ཡུམ་བྱམས་མས་འདི་རུ་སྩོལ། །རྣམ་དག་ཁང་བཟང་དགོན་གནས་གྲྭ་སྡེ་གྲོང༌། །སྦྲ་གུར་ཡུལ་ཞིང་མི་ནོར་གཡོག་འབངས་འཁོར། །གླིང་བཞི་སྲིད་པའི་ཕུན་ཚོགས་དཔལ་གྱི་གཡང༌། །དེ་རིང་རྒྱལ་ཡུམ་བྱམས་མས་འདི་རུ་སྩོལ། །དེང་ནས་བཟུང་སྟེ་ཚེ་རབས་པདྨའི་ཕྲེང༌། །རྒྱལ་ཡུམ་བྱམས་ཆེན་ལྷ་མོས་རྗེས་བཟུང་ཞིང༌། །ཟབ་རྒྱས་བདུད་རྩིས་འགྲོ་ཀུན་འཚོ་བའི་གཡང༌། །དེ་རིང་རྒྱལ་ཡུམ་བྱམས་མས་འདི་རུ་སྩོལ། །ཀུན་གཞི་སྟོང་གསལ་རིག་པའི་མེ་ལོང་ངོར། །འགག་མེད་བོན་ཀུན་སྣང་བའི་གཟུགས་བརྙན་ཚོགས། །འཆར་བའི་སྣང་སྟོང་ཟུང་དུ་འཇུག་པའི་གཡང༌། །དེ་རིང་རྒྱལ་ཡུམ་བྱམས་མས་འདི་རུ་སྩོལ། ། སྤྲོས་བྲལ་མཁའ་ལ་འོད་ལྔའི་ཉི་ཟླ་ཤར། །ཞི་བའི་གཏེར་འཆང་ཟག་མེད་སྣང་སྲིད་རྒྱན། །བྱེ་བ་ཕྲག་བརྒྱའི་གཟི་བརྗིད་སྐུ་ཡི་གཡང༌། །དེ་རིང་རྒྱལ་ཡུམ་བྱམས་མས་འདི་རུ་སྩོལ། །མགུར་བུམ་ལས་ཐོན་རྣམ་དག་བདུད་རྩིའི་རྒྱུན། །འགྲོ་བའི་དཔལ་གྱུར་གཅོང་བརྒྱད་ཚངས་དབྱངས་འབུམ། །སྒྲ་ཆེན་བསྒྲགས་པ་འགག་མེད་གསུང་གི་དབྱངས། ། དེ་རིང་རྒྱལ་ཡུམ་བྱམས་མས་འདི་རུ་སྩོལ། །རྣམ་དག་ཐུགས་ཉིད་ཡེ་ཤེས་ཟླ་བ་རྒྱས། །སྒྲིབ་མེད་བརྒྱད་ཁྲི་མཁྱེན་པའི་སྐར་ཚོགས་བཀྲ། ། བསླུ་མེད་བདེན་པ་དཔེའུ་ཙེ་ཐུགས་ཀྱི་གཡང༌། །དེ་རིང་རྒྱལ་ཡུམ་བྱམས་མས་འདི་རུ་སྩོལ། །ཡོན་ཏན་རྒྱ་མཚོ་ལྷུན་གྲུབ་རི་རབ་བརྟན། །མི་ལྡོག་ལྗོན་རྒྱས་སྨོན་ལམ་འབྲས་བུ་སྨིན། །སྲིད་གསུམ་དཔལ་གྱི་གཏེར་གྱུར་ཡོན་ཏན་གཡང༌། །དེ་རིང་རྒྱལ་ཡུམ་བྱམས་མས་འདི་རུ་སྩོལ། །ཞི་རྒྱས་དབང་དྲག་མཛད་པའི་འཕྲིན་ལས་གང༌། །གར་བསྐོར་ཐོགས་མེད་འདམ་གྱི་ཕུར་བ་བཞིན། །ཇི་ལྟ་ཇི་སྙེད་གྲུབ་པ་འཕྲིན་ལས་གཡང༌། །དེ་རིང་རྒྱལ་ཡུམ་བྱམས་མས་འ་པའི་གཡང༌། །སྐལ་ལྡན་ཁྱེད་ཀྱི་ལག་ཏུ་གཏད་པ་ཡིས། །སྐལ་འདིས་སྦྱིན་པའི་ལང་ཚོ་རྒྱས་པར་ཤོག །རྨད་བྱུང་རྒྱལ་བ་སྲས་བཅས་བྱིན་རླབས་དང༌། །རྗེ་བཙུན་བྱམས་མའི་ཐུགས་རྗེ་མཐུ་སྟོབས་ཀྱིས། །ཇི་ལྟར་སྨོན་བཞིན་འགྲུབ་ཅིང་དུས་ནམ་དུ། །གཏེར་གྱི་བདག་བཞིས་ཁྱོད་ལ་སྲུངས་གྱུར་ཅིག །བཀྲ་ཤིས་ཕྱྭ་གཡང་གཏད་པའི་ཡོན་ཏན་གྱིས། །བཀྲ་ཤིས་སྟོབས་འབྱོར་པད་ཚལ་རྒྱས་པའི་དབུས། །བཀྲ་ཤིས་བདེ་སྐྱིད་ཉི་མ་འབུམ་ཤར་ནས། །བཀྲ་ཤིས་ནོར་བུའི་དཔལ་ལ་སྤྱོད་གྱུར་ཅིག། །། ཅེས་པ་བཞིན་དུ་དགོས་པ་མེད་ངེས་ཀྱང་། སྣང་ཞིག་ཀུན་བཟང་རྒྱལ་མཚན་མཆོག་གི་བཀའ་ནན་མི་བཅག་ཙམ་དུ་ཐོས་ཕྲ་སྙོམས་ལས་པ་བྲུ་བཙུན་ཤེར་བློས་ཐོལ་ཤར་བགྱིས་པས་ཉམས་འགལ་ཅི་མཆིས་བཤགས་ཤིང་། དགེ་སྲིད་བསྟན་འགྲོ་ཕན་བདེ་སྐྱེད་པའི་རྒྱུར་གྱུར་ཅིག ། ། ། མཐར་ཐུག་ཡེ་ཤེས་རང་འབྱུང་བདེ་ཆེན་ཀློང༌། །ལམ་ལྔ་ས་བཅུའི་ཡོན་ཏན་རབ་རྫོགས་ཤིང༌། །སྐུ་དང་ཡེ་ཤེས་དངོས་གྲུབ་ཉག་གཅིག་གཡང༌། །དེ་རིང་རྒྱལ་ཡུམ་བྱམས་མས་འདི་རུ་སྩོལ། །དེ་ལྟར་འདོད་དགུའི་ཕྱྭ་གཡང་མ་ལུས་པ། །དེ་རིང་རྒྱལ་ཡུམ་བྱམས་མས་མྱུར་བསྡུས་ནས། །དེ་བཞིན་སྒྲུབ་བརྩོན་འཁོར་ལོའི་གནས་གསུམ་དང༌། །དེ་རིང་ཡོན་བདག་གཡང་ཆས་རྟེན་ལ་བསྟིམས། །ཕྱྭ་ཡེ་ཁུ་ཡེ་ཕྱྭ་སྨྲ་རོ། །ཚེ་ཨ་བྲུཾ་རཏྞ་ཊཾ་ཧཱུཾ་བྷེ་ཧོ་ཏི་སྟ་ལྷན། །ཅེས་བརྗོད་དོ། དེ་ནས་གཡང་རྫས་རྣམས་སྦྱིན་བདག་ལག་ཏུ་གཏད་ལ་འདི་སྐད་དོ།། སྐལ་བཟང་འགྲོ་བའི་བསོད་ནམས་ལས་འཁྲུངས་པའི། ། བསྐལ་མང་འབྱོར་བ་ཕུན་ཚོགས་བསྡུས་པའི་གཡང༌། །སྐལ་ལྡན་ཁྱེད་ཀྱི་ལག་ཏུ་གཏད་པ་ཡིས། །སྐལ་འདིས་སྦྱིན་པའི་ལང་ཚོ་རྒྱས་པར་ཤོག །རྨད་བྱུང་རྒྱལ་བ་སྲས་བཅས་བྱིན་རླབས་དང༌། །རྗེ་བཙུན་བྱམས་མའི་ཐུགས་རྗེ་མཐུ་སྟོབས་ཀྱིས། །ཇི་ལྟར་སྨོན་བཞིན་འགྲུབ་ཅིང་དུས་ནམ་དུ། །གཏེར་གྱི་བདག་བཞིས་ཁྱོད་ལ་སྲུངས་གྱུར་ཅིག །བཀྲ་ཤིས་ཕྱྭ་གཡང་གཏད་པའི་ཡོན་ཏན་གྱིས། །བཀྲ་ཤིས་སྟོབས་འབྱོར་པད་ཚལ་རྒྱས་པའི་དབུས། །བཀྲ་ཤིས་བདེ་སྐྱིད་ཉི་མ་འབུམ་ཤར་ནས། །བཀྲ་ཤིས་ནོར་བུའི་དཔལ་ལ་སྤྱོད་གྱུར་ཅིག། །། ཅེས་པ་བཞིན་དུ་དགོས་པ་མེད་ངེས་ཀྱང་། སྣང་ཞིག་ཀུན་བཟང་རྒྱལ་མཚན་མཆོག་གི་བཀའ་ནན་མི་བཅག་ཙམ་དུ་ཐོས་ཕྲ་སྙོམས་ལས་པ་བྲུ་བཙུན་ཤེར་བློས་ཐོལ་ཤར་བགྱིས་པས་ཉམས་འགལ་ཅི་མཆིས་བཤགས་ཤིང་། དགེ་སྲིད་བསྟན་འགྲོ་ཕན་བདེ་སྐྱེད་པའི་རྒྱུར་གྱུར་ཅིག ། ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།