གྲུབ་ཐོབ་རྣམ་གསུམ་གྱི་གསོལ་འདེབས་བཞུགས་སོ།།

གྲུབ་ཐོབ་རྣམ་གསུམ་གྱི་གསོལ་འདེབས་བཞུགས་སོ།།
བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།

18288141

༄༅། ། ཨེ་མ་ཧོ། ། མཁྱེན་པའི་ཡེ་ཤེས་དབྱིངས་ཀྱི་ལྷ་དང་མཉམ། །
བརྩེ་བའི་སྙིང་རྗེས་འགྲོ་ལ་ཕན་བདེ་སྦྱིན། །
ནུས་པས་རྩལ་གྱིས་བདུད་སྲིན་ལྷག་མེད་མཛད། །
དབལ་རམས་འབུམ་པའི་རྣལ་འབྱོར་མཆོག་བརྙེས་པ། །
གྲུབ་པའི་དབང་ཕྱུག་སྤྱི་རྟིང་འཁོར་ལོས་བསྒྱུར། །
བསྐྱེད་རྫོགས་མངའ་བརྙེས་ཁྱུང་དཀར་ཚངས་པ་རྗེ། །
སྦས་པའི་རྣལ་འབྱོར་ཡེ་ཤེས་མཚོ་རྒྱལ་ལ། །
གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །
བྱམས་དང་སྙིང་རྗེ་སྐྱེ་བར་བྱིན་གྱིས་རློབས། །
བྱང་སེམས་སྟོང་ཉིད་འབྱོངས་པར་བྱིན་གྱིས་རློབས། །
རིམ་གཉིས་མངོན་དུ་གྱུར་བར་བྱིན་གྱིས་རློབས། །
མཐར་ཐུག་རྫོགས་སངས་རྒྱས་པར་བྱིན་གྱིས་རློབས། །
ཞེས་པ་འདི་ཡང་གྲུབ་ཐོབ་རྣམ་གསུམ་གྱི་གསོལ་འདེབས་འདི་ནི་ངེས་པ་དོན་གྱི་བཤེས་གཉེན་ཆེན་པོ་གྲུབ་དབང་ནམ་མཁའ་རྒྱལ་མཚན་རིན་པོ་ཆེའི་ཐུགས་བཞེད་ལྟར་དུ། གང་གི་དངོས་སློབ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས་བསྙེན་སྒྲུབ་གྱི་ཐུན་མཚམས་སུ་བྲིས་པ་དགེ་ལེགས་འཕེལ། ། དགེའོ། །

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།