སྟོན་པ་ཆུ་འཁོར་མ།

1835399485
༄༅། །སྟོན་པའི་རྒྱལ་ཚབ་ཆུ་འཁོར་མ་ཞེས་པ་རྣམ་མཁྱེན་སྟོན་པ་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་ཞལ་བཞུགས་པའི་སྐབས་སུ། རྒྱ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ལ་སྟོན་པའི་ཞལ་ཚབ་ཏུ་བཞུགས་སུ་གསོལ། སངས་རྒྱས་རང་ཉིད་ཀྱིས་རབ་གནས་ཐོབ་པའི་སངས་རྒྱས་ཀྱི་སྐུ་བརྙན་དེ། ཕྱིས་ཞང་ཞུང་རྒྱལ་རབས་བཅོ་བརྒྱད་ཀྱིས་མཆོད་པའི་ཞིང་དུ་བཀུར་བ། ཞང་རྒྱལ་དར་ནུབ་སྐབས་སུ་གྱེར་ཆེན་སྣང་བཞེར་ལོད་པོས་མ་པང་གཡུ་མཚོར་གཏེར་དུ་སྦས་དུས། གདན་ཁྲི་གཏེར་དུ་སོང་ཡང་སྐུ་གཟུགས་ཁྲ་ལམ་མེར་ཆུ་ཁར་ཡུན་རིང་དུ་འཁོར་བས“སྟོན་པ་ཆུ་འཁོར་མ”ཞེས་གྲགས།

སྔགས་འཆང་འཆི་མེད་ཚེ་སྒྲུབ་རྒྱལ་གྱིས་མཛད་པའི༼བོན་བློན་བླ་བྲང་བྱུང་རབས༽ལས་དྲངས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།