སྟོང་རྒྱུང་ཕྱག་བཟོ་གཤེན་ལྷ་འོད་དཀར་གྱི་སྐུ་བརྙན།

81422329
༄༅། །གཤེན་ལྷ་འོད་དཀར་གྱི་སྐུ་འཆི་མེད་གཙུག་ཕུད་དངོས་སུ་བྱོན་པ་རིག་འཛིན་སྟོང་རྒྱུང་མཐུ་ཆེན་གྱི་ཕྱག་བཟོ་ངེས་པའི་ནང་རྟེན་དུ་ཞང་ཞུང་སད་ནེ་གའུའི་ཤ་རི་རམ་སོགས་བྱིན་རླབས་ཅན་གྱི་རྟེན་སྣ་ཚོགས་ཕུལ་ནས་རབ་གནས་སྨོན་ལམ་གྱིས་བརྒྱན་ཏེ་ལྷོ་འབྲུག་མཚམས་མཐའ་དཀར་དུ་གཏེར་དུ་བཞག ཕྱིས་དུས་ལ་བབ་པའི་ཚེ་སྟོང་རྒྱུང་དངོས་བྱོན་གཤེན་སྟོན་ཀླུ་ཡི་དབང་པོས་མེ་མོ་སྦྲུལ་ལོའི་དགུན་ཟླ་འབྲིང་པོའི་ཉི་ཤུ་བཞི། སྐར་མ་ཁྲ༼དབོ ༽ཡི་ཉི་ཤར་གཏེར་ཞལ་ཕྱེས་ཏེ་མདོ་སྨད་ཀྱི་རྟེན་སྐལ་དུ་བྱོན།

སྔགས་འཆང་འཆི་མེད་ཚེ་སྒྲུབ་རྒྱལ་གྱིས་མཛད་པའི༼བོན་བློན་བླ་བྲང་གི་བྱུང་རབས༽ལས་དྲངས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།