ཁྲིད་ཡིག་དམར་མོ་མཛུབ་ཚུགས་ལས་སྔོན་འགྲོའི་ཚིག་བཤད་དད་པའི་འཇུག་ངོགས་ཞེས་བྱ་བ་བཞུགས།།

ཁྲིད་ཡིག་དམར་མོ་མཛུབ་ཚུགས་ལས་སྔོན་འགྲོའི་ཚིག་བཤད་དད་པའི་འཇུག་ངོགས་ཞེས་བྱ་བ་བཞུགས།།
ཀུན་གྲོལ་གྲགས་པ།

༄༅།། སྔོན་འགྲོའི་ཚིག་བཤད་དད་པའི་འཇུག་ངོགས་ལས། དང་པོ་བཤེས་གཉེན་བསྟེན་ཚུལ་ནི། གང་ཞིག་བླ་མེད་བྱང་ཆུབ་སྒྲུབ་པ་རྣམས།། བཤེས་གཉེན་བླ་མ་བསྟེན་པའི་བློ་བསྐྱེད་པ།། བྱ་བ་ཀུན་གྱི་སྔོན་དུ་འགྲོ་གསུངས་ལྟར།། དགེ་བའི་བཤེས་གཉེན་བླ་མ་བསྟེན་པར་བྱ།། བླ་ན་མེད་པའི་བྱང་ཆུབ་སྒྲུབ་བྱེད་ན།། སྒྲུབ་ཐབས་རྩ་བ་གདམས་པ་ཟབ་མོ་སྟེ།། གདམ་ངག་ཐམས་ཅད་བླ་མར་རག་པས་ན།། དགེ་བའི་བཤེས་གཉེན་བླ་མར་བསྟེན་པར་བྱ།། དུས་གསུམ་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི།། མཁྱེན་བརྩེ་ནུས་པའི་མཐུ་སྟོབས་གཅིག་བསྡུས་པ།། རྒྱལ་བའི་སྤྱི་གཟུགས་ཡིན་པར་ཤེས་པའི་ངོས།། དགེ་བའི་བཤེས་གཉེན་བླ་མར་བསྟེན་པར་བྱ།། བདག་གི་ལུས་ངག་ཡིད་དང་གསུམ་པོ་ཡིས།། ནུས་ཚད་དྲིན་མི་བགྱི་བའི་ཁོལ་བོར་བགྱིད།། འགལ་མེད་ཐུགས་ལ་ཞེན་པར་བཟུང་བྱེད་དེ།། དགེ་བའི་བཤེས་གཉེན་བླ་མར་བསྟེན་པར་བྱ།། ཤེས་རབ་ཟབ་མོ་སྟོང་བ་ཉིད་བསྒོམ་ཞིང༌།། སྤྱོད་ལམ་རྣམ་དག་ངོས་ལྐོག་མེད་པ་རུ།། འཁོར་གསུམ་ཡོངས་དག་བླ་མར་ཕུལ་ནས་སུ།། དགེ་བའི་བཤེས་གཉེན་བླ་མར་བསྟེན་པར་བྱ།། སྣོད་ཀྱི་སྐྱོན་གསུམ་དྲི་མ་དྲུག་དང་བྲལ།། ཡང་དག་གོ་ལུགས་ལྔ་ཡི་སྒོ་ནས་སུ།། ཐོས་བསམ་སྒོམ་གསུམ་བཀའ་དྲིན་ཞུ་བའི་ཕྱིར།། དགེ་བའི་བཤེས་གཉེན་བླ་མར་བསྟེན་པར་བྱ།། མཚན་དང་ལྡན་པའི་བླ་མ་དམ་པ་ལ།། སྣོད་དང་ལྡན་པའི་སློབ་མས་བསྟེན་བྱས་ན།། འདི་དང་ཕྱི་མའི་དགོས་དོན་ཀུན་འགྲུབ་པས།། དགེ་བའི་བཤེས་གཉེན་བླ་མར་བསྟེན་པར་བྱ།། དཔལ་ལྡན་བླ་མའི་རྣམ་པར་ཐར་བ་ལ།། སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང༌།། ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས།། བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག།། །། གཉིས་པ། དལ་འབྱོར་རྙེད་དཀའ་བ་ནི།། བླ་མེད་བྱང་ཆུབ་སྒྲུབ་པའི་རྟེན་བཟང་བོ།། དལ་བ་བརྒྱད་དང་འབྱོར་བ་བཅུ་ལ་སོགས།། ཡོན་ཏན་བཅོ་བརྒྱད་ལྡན་པའི་མི་ལུས་འདི།། ཤིན་ཏུ་རྙེད་དཀའ་བྱང་ཆུབ་བསྒྲུབ་པར་བྱ།། ཁམས་གསུམ་རིགས་དྲུག་ཞིང་ཁམས་གྲངས་མང་ཡང༌།། འཛམ་གླིང་སོག་ཁར་སྐྱེ་བ་ཤིན་ཏུ་དཀའ།། སྐྱེས་ཀྱང་གཙང་མ་མི་ལུས་རིན་པོ་ཆེ།། ཤིན་ཏུ་རྙེད་དཀའ་བྱང་ཆུབ་བསྒྲུབ་པར་བྱ།། དཔེར་ན་རྒྱ་མཚོ་ཆེར་གཡེང་གཉའ་ཤིང་གི།། བུ་གར་རུས་སྦལ་མགྲིན་པ་ཆུད་པ་དང༌།། གྱང་ལོགས་སོགས་ལ་སྲན་མ་ཆགས་དཀའ་ལྟར།། ཤིན་ཏུ་རྙེད་དཀའ་བྱང་ཆུབ་བསྒྲུབ་པར་བྱ།། དལ་འབྱོར་རྒྱུ་ནི་ཚུལ་ཁྲིམས་གཞི་བཟུང་ཞིང༌།། སྦྱིན་སོགས་གྲོགས་བསྐུལ་སྨོན་ལམ་མཚམས་སྦྱོར་བ།། དགེ་རྩ་རྣམ་དག་སྔོན་དུ་འགྲོ་དགོས་པས།། ཤིན་ཏུ་རྙེད་དཀའ་བྱང་ཆུབ་བསྒྲུབ་པར་བྱ།། འགྲོ་བ་དྲུག་གི་སེམས་ཅན་གྲངས་མང་བ།། བསམ་བརྗོད་བྲལ་བ་འདི་ལ་ལྟོས་ན་ནི།། མི་ལུས་ཆོས་དང་འཕྲད་པ་ཉུང་བའི་ཕྱིར།། ཤིན་ཏུ་རྙེད་དཀའ་བྱང་ཆུབ་བསྒྲུབ་པར་བྱ།། དལ་འབྱོར་ཐོབ་དུས་བྱང་ཆུབ་མ་བསྒྲུབས་ན།། རྒྱ་མཚོའི་འགྲམ་དུ་སྐོམ་ནས་ཤི་བ་དང།། ལོ་ཏོག་གསེབ་དུ་ལྟོགས་ནས་ཉལ་འདྲ་བས།། ཤིན་ཏུ་རྙེད་དཀའ་བྱང་ཆུབ་བསྒྲུབ་པར་བྱ།། མི་ལུས་འདི་ནི་ཡིད་བཞིན་ནོར་ལས་ལྷག།། འདི་འདྲ་རྙེད་པ་ད་རེས་ཙམ་ཡིན་པས།། དོན་མེད་ཆུད་ཟོས་དབང་དུ་མི་གཏོང་བར།། དོན་ཡོད་སྒོ་གསུམ་དགེ་ལ་བརྩོན་པར་ཤོག། གསུམ་པ་འཆི་བ་མི་རྟག་ནི། ཀྱེ་མ་བརྒྱུད་པའི་བླ་མ་རིན་པོ་ཆེ།། ཁྱེད་ཀྱི་མཁྱེན་དགོངས་བརྩེ་བས་འདིར་གཟིགས་ཤིག། སྡུག་བསྔལ་རྒྱ་མཚོར་བྱིངས་རྣམས་སྙིང་རེ་རྗེ།། མི་རྟག་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས།། ཕྱི་སྣོད་འཇིག་རྟེན་མེ་ཆུ་རླུང་གིས་འཇིག། ནང་བཅུད་སེམས་ཅན་ནད་མུག་མཚོན་གྱིས་སྟོངས༌།། སྣོད་བཅུད་རྟག་ཏུ་རེ་བ་སྙིང་རེ་རྗེ།། མི་རྟག་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས།། དུས་ནམ་འགྱུར་ཏེ་དབྱར་དགུན་སྟོན་དཔྱིད་ལ།། དཔྱིད་ཞུ་དབྱར་རྒྱས་སྟོན་སྨིན་དགུན་སྡུད་དེ།། སྣང་ཡུལ་རྟག་ཏུ་རེ་བ་སྙིང་རེ་རྗེ།། མི་རྟག་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས།། དུར་ཁྲོད་གླིང་དུ་བོར་བའི་མི་རོ་དང༌།། ལ་ཁའི་རྒྱུ་སྐར་ཆུ་ཁའི་རྦ་རླབས་གཡོ།། ལྗོན་ཤིང་སྐྱེ་འབོར་ཇི་བཞིན་སྙིང་རེ་རྗེ།། མི་རྟག་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས།། ལུས་ཅན་ལ་ལ་མ་ཡི་མངལ་ནས་འཆི།། དེ་བཞིན་བཙས་དང་བྱིས་པ་དར་རྒས་འཁོགས།། ཚེ་ཚད་རིང་ཐུང་ངེས་མེད་སྙིང་རེ་རྗེ།། མི་རྟག་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས།། ལུས་ལ་ནད་རིགས་སུམ་བརྒྱ་དྲུག་ཅུ་དང༌།། གློ་བུར་ཡེ་འབྲོག་འབྱུང་བའི་རྐྱེན་གྱིས་གསོད།། ཟས་སོགས་རྐྱེན་ལ་ངེས་མེད་སྙིང་རེ་རྗེ།། མི་རྟག་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས།། ས་ཕྱོགས་མཐོ་དམན་ཉེ་དང་རིང་མེད་ཅིང༌།། དེ་བཞིན་གཞི་བྱེས་རི་ལུང་ཁྱིམ་ཕྱི་ནང༌།། འཆི་བའི་གནས་ལ་ངེས་མེད་སྙིང་རེ་རྗེ།། མི་རྟག་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས།།ནམ་ཟླ་དབྱར་དང་སྟོན་དང་དགུན་དང་དཔྱིད།། དེ་བཞིན་ཉིན་མཚན་དུས་དྲུག་ལ་སོགས་པ།། འཆི་བའི་དུས་ལ་ངེས་མེད་སྙིང་རེ་རྗེ།། མི་རྟག་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས།། མཐོ་དམན་དྲག་ཞན་ཕྱུག་དབུལ་དགྲ་དང་གཉེན།། རང་བས་རྒས་དང་གཞོན་དང་ན་མཉམ་པ།། གང་ཡང་མི་རྟག་རང་བཞིན་སྙིང་རེ་རྗེ།། མི་རྟག་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས།། སྒྱུ་མའི་ལུས་བླངས་སྡུག་བསྔལ་ན་ཚའི་རྒྱུ།། དུས་ལ་བབ་ཚེ་ཐ་མ་བཞི་རུ་གཏུགས།། ཕྱི་མའི་སྡུག་བསྔལ་མྱོང་བ་སྙིང་རེ་རྗེ།། མི་རྟག་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས།། འདུ་ཤེས་མཆོག་གྱུར་འཆི་བ་མི་རྟག་པ།། བསྒོམས་ན་དགེ་བྱེད་ཐ་མ་འབྲིང་རབ་དང༌།། ཡང་རབ་མངོན་སངས་རྒྱས་པར་བྱེད་པའི་ཐབས།། བདག་རྒྱུད་སྨིན་ཅིང་གཞན་རྒྱུད་གྲོལ་བར་ཤོག། །། བཞི་བ་འཁོར་བའི་ཉེས་དམིགས་ནི། འཁོར་བའི་འཇིགས་པ་སྐྱོབ་པའི་ཐུགས་རྗེ་ཅན།། བླ་མ་དཀོན་མཆོག་གཟིགས་པ་མི་རལ་བས།། སྡུག་བསྔལ་སྲིད་མཚོར་སྤྱོད་ལ་རབ་འཇིགས་ནས།། འཁོར་བའི་ཉེས་དམིགས་ཤེས་པར་བྱིན་གྱིས་རློབས།། དམྱལ་བའི་སྤྱི་སྡེ་བཞི་དང་སྒོས་བཅོ་བརྒྱད།། ལྷག་པའི་སྡུག་བསྔལ་བཞི་བཞི་བཅུ་དྲུག་སོགས།། ཤིན་ཏུ་བཟོད་དཀའི་གནས་ལ་རབ་འཇིགས་ནས།། འཁོར་བའི་ཉེས་དམིགས་ཤེས་པར་བྱིན་གྱིས་རློབས།། ཡི་དྭགས་སྤྱི་ཡི་སྡེ་ལ་གསུམ་ཡོད་དེ།། སྒོས་རིགས་ཕྱེས་ན་རྣམ་གྲངས་བཅོ་ལྔ་བོ།། གང་ལའང་བསམ་ན་དེ་ལ་རབ་འཇིགས་ནས།། འཁོར་བའི་ཉེས་དམིགས་ཤེས་པར་བྱིན་གྱིས་རློབས།། བྱོལ་སོང་རྣམས་ལ་སྤྱི་ཡི་སྡེ་རིགས་གསུམ།། སྒོས་ཀྱི་རིགས་ལ་གྲངས་མེད་བསམ་མཐའ་ཡས།། རང་རང་སྡུག་བསྔལ་སྦྱོང་ལ་རབ་འཇིགས་ནས།། འཁོར་བའི་ཉེས་དམིགས་ཤེས་པར་བྱིན་གྱིས་རློབས།། མི་ལ་སྤྱི་སྡེ་མི་དང་མི་འམ་ཅི།། སྒོས་རིགས་སོ་སོར་དབྱེ་ན་བརྒྱད་དུ་གྲགས།། དེ་དག་སྡུག་བསྔལ་བརྒྱད་ལ་རབ་འཇིགས་ནས།། འཁོར་བའི་ཉེས་དམིགས་ཤེས་པར་བྱིན་གྱིས་རློབས།། ལྷ་མ་ཡིན་ལ་སྤྱི་ཡི་སྡེ་རིགས་གསུམ།། སྒོས་ཀྱི་རིགས་ལ་སུམ་ཅུ་རྩ་གསུམ་སྟེ།། ལྷ་དང་ཉིན་བཞིན་འཐབ་ལ་རབ་འཇིགས་ནས།། འཁོར་བའི་ཉེས་དམིགས་ཤེས་པར་བྱིན་གྱིས་རློབས།། ལྷ་ལ་ཚེ་རིང་འདུ་ཤེས་མེད་པ་དང༌།། ལོངས་སྤྱོད་ལེ་ལོས་གཡེངས་པའི་ལྷ་རྣམས་ལའང༌།། འཆི་ལྟས་རྣམ་ལྔ་ཤར་ལ་རབ་འཇིགས་ནས།། འཁོར་བའི་ཉེས་དམིགས་ཤེས་པར་བྱིན་གྱིས་རློབས།། གར་སྐྱེས་སུ་འགྲོགས་ཅི་སྤྱོད་ཕུན་ཚོགས་པ།། མ་ཚོགས་གྱུར་བ་ཐམས་ཅད་ སྡུག་བསྔལ་ཏེ།། མི་བདེ་སྡུག་བསྔལ་ལས་ལ་རབ་འཇིགས་ནས།། འཁོར་བའི་ཉེས་དམིགས་ཤེས་པར་བྱིན་གྱིས་རློབས།། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད།། ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ།། སྐྱེ་རྒ་ན་འཆིའི་རྦ་ཀླུང་འཁྲུགས་པ་ཡིས།།སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག། ལྔ་བ་རྒྱུ་འབྲས་ནི། རྒྱུ་འབྲས་རྣམ་པར་འབྱེད་པའི་བློ་གྲོས་ཀྱིས།། གཞིག་ན་དཔྱིད་ཀྱི་ཞིང་ས་གཤིན་པོ་ལ།། ས་བོན་དཀར་ནག་རང་ལས་རང་སྨིན་བཞིན།། ད་ནི་རྒྱུ་འབྲས་ལས་ལ་ངེས་ཤེས་བསྐྱེད།། སྡིག་ལ་མི་བརྙས་དགེ་ལ་ཁྱད་མི་གསོད།། ཕྲ་རབ་རྡུལ་བསགས་རི་རབ་ལྷུན་པོ་འམ།། མེ་སྟག་ནགས་ལ་མཆེད་པའི་དཔེ་ཇི་བཞིན།། ད་ནི་རྒྱུ་འབྲས་ལས་ལ་ངེས་ཤེས་བསྐྱེད།། ལུས་ཀྱི་སྲོག་གཅོད་ལོག་གཡེམ་མ་བྱིན་ལེན།། སྤངས་ནས་སྲོག་སྐྱོབ་དཀའ་ཐུབ་སྤྱིན་པ་གཏོང༌།། རྒྱུ་དེའི་འབྲས་བུ་བདེ་སྡུག་སྨིན་པ་བཞིན།། ད་ནི་རྒྱུ་འབྲས་ལས་ལ་ངེས་ཤེས་བསྐྱེད།། ངག་གི་ཚིག་རྩུབ་ངག་འཁྱལ་རྫུན་ཕྲ་མ།། སྤངས་ནས་ཞི་དལ་གསོང་བོ་བདེན་མཐུན་འཇུག། རྒྱུ་དེའི་འབྲས་བུ་བདེ་སྡུག་སྨིན་པ་བཞིན།། ད་ནི་རྒྱུ་འབྲས་ལས་ལ་ངེས་ཤེས་བསྐྱེད།། ཡིད་ཀྱི་བརྣབ་སེམས་གནོད་སེམས་ལོག་པར་ལྟ།། སྤངས་ནས་བཟང་སེམས་བརྩེ་སེམས་བདེན་པར་སྤྱོད།། རྒྱུ་དེའི་འབྲས་བུ་བདེ་སྡུག་སྨིན་པ་བཞིན།། ད་ནི་རྒྱུ་འབྲས་ལས་ལ་ངེས་ཤེས་བསྐྱེད།། དགེ་བ་ཁོ་ནས་བདེ་བ་ཁོ་ན་དང༌།། སྡིག་པ་འབའ་ཞིག་སྡུག་བསྔལ་འབའ་ཞིག་པ།། བསྲེས་པས་བདེ་སྡུག་འདྲེས་མར་འབྱུང་བ་བཞིན།། ད་ནི་རྒྱུ་འབྲས་ལས་ལ་ངེས་ཤེས་བསྐྱེད།། བསམ་པ་དཀར་ལ་སྦྱོར་བ་ནག་པའི་ལས།། བསམ་སྦྱོར་གཉིས་ཀ་དཀར་བའི་ལས་སྤྱོད་པས།། རྣམ་སྨིན་འབྲས་བུ་བདེ་བ་ཐོབ་པ་བཞིན།། ད་ནི་རྒྱུ་འབྲས་ལས་ལ་ངེས་ཤེས་བསྐྱེད།། བསམ་པ་ནག་ལ་སྦྱོར་བ་དཀར་བའི་ལས།། བསམ་སྦྱོར་གཉིས་ཀ་ནག་པའི་ལས་སྤྱོད་པས།། རྣམ་སྨིན་འབྲས་བུ་སྡུག་བསྔལ་མྱོང་བ་བཞིན།། ད་ནི་རྒྱུ་འབྲས་ལས་ལ་ངེས་ཤེས་བསྐྱེད།། དགེ་སྡིག་གང་ཡང་སྦྱོར་རྗེས་གཉིས་ཚང་ན།། དངོས་ཀྱིས་ཆེན་པོ་མ་བྱས་གྱུར་ན་ཡང༌།། མ་བྱས་པ་ལ་བསགས་པའི་ལས་ཡིན་བཞིན།། ད་ནི་རྒྱུ་འབྲས་ལས་ལ་ངེས་ཤེས་བསྐྱེད།། གང་ལ་སྦྱོར་རྗེས་གཉིས་ཀ་མ་ཚང་ན།། དངོས་ཀྱི་ཆེན་པོ་བྱས་པར་གྱུར་ན་ཡང༌།། བྱས་ལ་མ་བསགས་པ་ཡི་ལས་ཡིན་བཞིན།། ད་ནི་རྒྱུ་འབྲས་ལས་ལ་ངེས་ཤེས་བསྐྱེད།། གང་ཟག་གཞན་གྱིས་དགེ་སྡིག་གང་བྱས་ལ།། རྗེས་སུ་ཡི་རང་ཕུལ་བར་བྱས་གྱུར་ན།། བསགས་ལ་མ་བྱས་ལས་སུ་ངེས་པ་བཞིན།། ད་ནི་རྒྱུ་འབྲས་ལས་ལ་ངེས་ཤེས་བསྐྱེད།། དུག་ལ་འཛེམས་བཞིན་སྡིག་ལ་མི་སྤྱོད་དེ།། ནད་ལ་སྨན་བཞིན་དགེ་ལ་ངེས་ཤེས་བསྐྱེད།། ས་ལ་རིམ་བགྲོད་ལམ་ལ་མྱུར་ཕྱིན་ཏེ། ། སྲིད་ལ་མི་ཆགས་ཞི་ལའང་མི་གནས་ཤོག། དྲུག་པ་ཐར་བའི་ཕན་ཡོན་ནི། རྣམ་དཀར་དགེ་བ་བཅུ་ཡི་ལས་སྤྱོད་ན།། མི་དང་ལྷ་རུ་གོ་འཕང་རིམ་བགྲོད་དེ།། ཐམས་ཅད་མཁྱེན་པ་གཟོད་ཅིག་འགྲུབ་གསུངས་པས།། དེ་ཕྱིར་ཐར་བའི་ཕན་ཡོན་བསམ་པར་བྱ།། དགེ་བ་སྒྲུབ་པའི་སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག། ལྔ་བ་རྒྱུ་འབྲས་ནི། རྒྱུ་འབྲས་རྣམ་པར་འབྱེད་པའི་བློ་གྲོས་ཀྱིས།། གཞིག་ན་དཔྱིད་ཀྱི་ཞིང་ས་གཤིན་པོ་ལ།། ས་བོན་དཀར་ནག་རང་ལས་རང་སྨིན་བཞིན།། ད་ནི་རྒྱུ་འབྲས་ལས་ལ་ངེས་ཤེས་བསྐྱེད།། སྡིག་ལ་མི་བརྙས་དགེ་ལ་ཁྱད་མི་གསོད།། ཕྲ་རབ་རྡུལ་བསགས་རི་རབ་ལྷུན་པོ་འམ།། མེ་སྟག་ནགས་ལ་མཆེད་པའི་དཔེ་ཇི་བཞིན།། ད་ནི་རྒྱུ་འབྲས་ལས་ལ་ངེས་ཤེས་བསྐྱེད།། ལུས་ཀྱི་སྲོག་གཅོད་ལོག་གཡེམ་མ་བྱིན་ལེན།། སྤངས་ནས་སྲོག་སྐྱོབ་དཀའ་ཐུབ་སྤྱིན་པ་གཏོང༌།། རྒྱུ་དེའི་འབྲས་བུ་བདེ་སྡུག་སྨིན་པ་བཞིན།། ད་ནི་རྒྱུ་འབྲས་ལས་ལ་ངེས་ཤེས་བསྐྱེད།། ངག་གི་ཚིག་རྩུབ་ངག་འཁྱལ་རྫུན་ཕྲ་མ།། སྤངས་ནས་ཞི་དལ་གསོང་བོ་བདེན་མཐུན་འཇུག། རྒྱུ་དེའི་འབྲས་བུ་བདེ་སྡུག་སྨིན་པ་བཞིན།། ད་ནི་རྒྱུ་འབྲས་ལས་ལ་ངེས་ཤེས་བསྐྱེད།། ཡིད་ཀྱི་བརྣབ་སེམས་གནོད་སེམས་ལོག་པར་ལྟ།། སྤངས་ནས་བཟང་སེམས་བརྩེ་སེམས་བདེན་པར་སྤྱོད།། རྒྱུ་དེའི་འབྲས་བུ་བདེ་སྡུག་སྨིན་པ་བཞིན།། ད་ནི་རྒྱུ་འབྲས་ལས་ལ་ངེས་ཤེས་བསྐྱེད།། དགེ་བ་ཁོ་ནས་བདེ་བ་ཁོ་ན་དང༌།། སྡིག་པ་འབའ་ཞིག་སྡུག་བསྔལ་འབའ་ཞིག་པ།། བསྲེས་པས་བདེ་སྡུག་འདྲེས་མར་འབྱུང་བ་བཞིན།། ད་ནི་རྒྱུ་འབྲས་ལས་ལ་ངེས་ཤེས་བསྐྱེད།། བསམ་པ་དཀར་ལ་སྦྱོར་བ་ནག་པའི་ལས།། བསམ་སྦྱོར་གཉིས་ཀ་དཀར་བའི་ལས་སྤྱོད་པས།། རྣམ་སྨིན་འབྲས་བུ་བདེ་བ་ཐོབ་པ་བཞིན།། ད་ནི་རྒྱུ་འབྲས་ལས་ལ་ངེས་ཤེས་བསྐྱེད།། བསམ་པ་ནག་ལ་སྦྱོར་བ་དཀར་བའི་ལས།། བསམ་སྦྱོར་གཉིས་ཀ་ནག་པའི་ལས་སྤྱོད་པས།། རྣམ་སྨིན་འབྲས་བུ་སྡུག་བསྔལ་མྱོང་བ་བཞིན།། ད་ནི་རྒྱུ་འབྲས་ལས་ལ་ངེས་ཤེས་བསྐྱེད།། དགེ་སྡིག་གང་ཡང་སྦྱོར་རྗེས་གཉིས་ཚང་ན།། དངོས་ཀྱིས་ཆེན་པོ་མ་བྱས་གྱུར་ན་ཡང༌།། མ་བྱས་པ་ལ་བསགས་པའི་ལས་ཡིན་བཞིན།། ད་ནི་རྒྱུ་འབྲས་ལས་ལ་ངེས་ཤེས་བསྐྱེད།། གང་ལ་སྦྱོར་རྗེས་གཉིས་ཀ་མ་ཚང་ན།། དངོས་ཀྱི་ཆེན་པོ་བྱས་པར་གྱུར་ན་ཡང༌།། བྱས་ལ་མ་བསགས་པ་ཡི་ལས་ཡིན་བཞིན།། ད་ནི་རྒྱུ་འབྲས་ལས་ལ་ངེས་ཤེས་བསྐྱེད།། གང་ཟག་གཞན་གྱིས་དགེ་སྡིག་གང་བྱས་ལ།། རྗེས་སུ་ཡི་རང་ཕུལ་བར་བྱས་གྱུར་ན།། བསགས་ལ་མ་བྱས་ལས་སུ་ངེས་པ་བཞིན།། ད་ནི་རྒྱུ་འབྲས་ལས་ལ་ངེས་ཤེས་བསྐྱེད།། དུག་ལ་འཛེམས་བཞིན་སྡིག་ལ་མི་སྤྱོད་དེ།། ནད་ལ་སྨན་བཞིན་དགེ་ལ་ངེས་ཤེས་བསྐྱེད།། ས་ལ་རིམ་བགྲོད་ལམ་ལ་མྱུར་ཕྱིན་ཏེ། ། སྲིད་ལ་མི་ཆགས་ཞི་ལའང་མི་གནས་ཤོག། དྲུག་པ་ཐར་བའི་ཕན་ཡོན་ནི། རྣམ་དཀར་དགེ་བ་བཅུ་ཡི་ལས་སྤྱོད་ན།། མི་དང་ལྷ་རུ་གོ་འཕང་རིམ་བགྲོད་དེ།། ཐམས་ཅད་མཁྱེན་པ་གཟོད་ཅིག་འགྲུབ་གསུངས་པས།། དེ་ཕྱིར་ཐར་བའི་ཕན་ཡོན་བསམ་པར་བྱ།། དགེ་བ་སྒྲུབ་པའི་སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག། ལྔ་བ་རྒྱུ་འབྲས་ནི། རྒྱུ་འབྲས་རྣམ་པར་འབྱེད་པའི་བློ་གྲོས་ཀྱིས།། གཞིག་ན་དཔྱིད་ཀྱི་ཞིང་ས་གཤིན་པོ་ལ།། ས་བོན་དཀར་ནག་རང་ལས་རང་སྨིན་བཞིན།། ད་ནི་རྒྱུ་འབྲས་ལས་ལ་ངེས་ཤེས་བསྐྱེད།། སྡིག་ལ་མི་བརྙས་དགེ་ལ་ཁྱད་མི་གསོད།། ཕྲ་རབ་རྡུལ་བསགས་རི་རབ་ལྷུན་པོ་འམ།། མེ་སྟག་ནགས་ལ་མཆེད་པའི་དཔེ་ཇི་བཞིན།། ད་ནི་རྒྱུ་འབྲས་ལས་ལ་ངེས་ཤེས་བསྐྱེད།། ལུས་ཀྱི་སྲོག་གཅོད་ལོག་གཡེམ་མ་བྱིན་ལེན།། སྤངས་ནས་སྲོག་སྐྱོབ་དཀའ་ཐུབ་སྤྱིན་པ་གཏོང༌།། རྒྱུ་དེའི་འབྲས་བུ་བདེ་སྡུག་སྨིན་པ་བཞིན།། ད་ནི་རྒྱུ་འབྲས་ལས་ལ་ངེས་ཤེས་བསྐྱེད།། ངག་གི་ཚིག་རྩུབ་ངག་འཁྱལ་རྫུན་ཕྲ་མ།། སྤངས་ནས་ཞི་དལ་གསོང་བོ་བདེན་མཐུན་འཇུག། རྒྱུ་དེའི་འབྲས་བུ་བདེ་སྡུག་སྨིན་པ་བཞིན།། ད་ནི་རྒྱུ་འབྲས་ལས་ལ་ངེས་ཤེས་བསྐྱེད།། ཡིད་ཀྱི་བརྣབ་སེམས་གནོད་སེམས་ལོག་པར་ལྟ།། སྤངས་ནས་བཟང་སེམས་བརྩེ་སེམས་བདེན་པར་སྤྱོད།། རྒྱུ་དེའི་འབྲས་བུ་བདེ་སྡུག་སྨིན་པ་བཞིན།། ད་ནི་རྒྱུ་འབྲས་ལས་ལ་ངེས་ཤེས་བསྐྱེད།། དགེ་བ་ཁོ་ནས་བདེ་བ་ཁོ་ན་དང༌།། སྡིག་པ་འབའ་ཞིག་སྡུག་བསྔལ་འབའ་ཞིག་པ།། བསྲེས་པས་བདེ་སྡུག་འདྲེས་མར་འབྱུང་བ་བཞིན།། ད་ནི་རྒྱུ་འབྲས་ལས་ལ་ངེས་ཤེས་བསྐྱེད།། བསམ་པ་དཀར་ལ་སྦྱོར་བ་ནག་པའི་ལས།། བསམ་སྦྱོར་གཉིས་ཀ་དཀར་བའི་ལས་སྤྱོད་པས།། རྣམ་སྨིན་འབྲས་བུ་བདེ་བ་ཐོབ་པ་བཞིན།། ད་ནི་རྒྱུ་འབྲས་ལས་ལ་ངེས་ཤེས་བསྐྱེད།། བསམ་པ་ནག་ལ་སྦྱོར་བ་དཀར་བའི་ལས།། བསམ་སྦྱོར་གཉིས་ཀ་ནག་པའི་ལས་སྤྱོད་པས།། རྣམ་སྨིན་འབྲས་བུ་སྡུག་བསྔལ་མྱོང་བ་བཞིན།། ད་ནི་རྒྱུ་འབྲས་ལས་ལ་ངེས་ཤེས་བསྐྱེད།། དགེ་སྡིག་གང་ཡང་སྦྱོར་རྗེས་གཉིས་ཚང་ན།། དངོས་ཀྱིས་ཆེན་པོ་མ་བྱས་གྱུར་ན་ཡང༌།། མ་བྱས་པ་ལ་བསགས་པའི་ལས་ཡིན་བཞིན།། ད་ནི་རྒྱུ་འབྲས་ལས་ལ་ངེས་ཤེས་བསྐྱེད།། གང་ལ་སྦྱོར་རྗེས་གཉིས་ཀ་མ་ཚང་ན།། དངོས་ཀྱི་ཆེན་པོ་བྱས་པར་གྱུར་ན་ཡང༌།། བྱས་ལ་མ་བསགས་པ་ཡི་ལས་ཡིན་བཞིན།། ད་ནི་རྒྱུ་འབྲས་ལས་ལ་ངེས་ཤེས་བསྐྱེད།། གང་ཟག་གཞན་གྱིས་དགེ་སྡིག་གང་བྱས་ལ།། རྗེས་སུ་ཡི་རང་ཕུལ་བར་བྱས་གྱུར་ན།། བསགས་ལ་མ་བྱས་ལས་སུ་ངེས་པ་བཞིན།། ད་ནི་རྒྱུ་འབྲས་ལས་ལ་ངེས་ཤེས་བསྐྱེད།། དུག་ལ་འཛེམས་བཞིན་སྡིག་ལ་མི་སྤྱོད་དེ།། ནད་ལ་སྨན་བཞིན་དགེ་ལ་ངེས་ཤེས་བསྐྱེད།། ས་ལ་རིམ་བགྲོད་ལམ་ལ་མྱུར་ཕྱིན་ཏེ། ། སྲིད་ལ་མི་ཆགས་ཞི་ལའང་མི་གནས་ཤོག། དྲུག་པ་ཐར་བའི་ཕན་ཡོན་ནི། རྣམ་དཀར་དགེ་བ་བཅུ་ཡི་ལས་སྤྱོད་ན།། མི་དང་ལྷ་རུ་གོ་འཕང་རིམ་བགྲོད་དེ།། ཐམས་ཅད་མཁྱེན་པ་གཟོད་ཅིག་འགྲུབ་གསུངས་པས།། དེ་ཕྱིར་ཐར་བའི་ཕན་ཡོན་བསམ་པར་བྱ།། དགེ་བ་སྒྲུབ་པའི་བསོད་ནམས་ཆ་མཐུན་པ།། ཆུང་ངུས་ཕལ་བ་འབྲིང་གིས་རྒྱལ་བློན་དང༌།། ཆེན་པོས་འཁོར་ལོས་བསྒྱུར་བའི་རྒྱལ་བོར་སྐྱེ།། དེ་ཕྱིར་ཐར་བའི་ཕན་ཡོན་བསམ་པར་བྱ།། མཐོ་རིས་བགྲོད་པའི་ལྷ་མ་ཡིན་གྱི་སྡེ།། ཚེ་དཔལ་ལོངས་སྤྱོད་མཐུ་རྩལ་སྟོབས་དང་ལྡན།། ལྷ་དང་གནོད་སྦྱིན་འགྲན་ནུས་དགེ་བའི་མཐུས།། དེ་ཕྱིར་ཐར་བའི་ཕན་ཡོན་བསམ་པར་བྱ།། འདོད་ལྷ་དྲུག་ལས་རྒྱལ་ཆེན་རིགས་བཞིའི་ལྷ།། རི་རབ་ལ་གནས་མངལ་སྐྱེས་འདོད་ཡོན་ཚོགས།། ལོངས་སྤྱོད་གང་ཡང་རང་བཞིན་ལྷུན་གྱིས་གྲུབ།། དེ་ཕྱིར་ཐར་བའི་ཕན་ཡོན་བསམ་པར་བྱ།། རི་རབ་སྟེང་དུ་སུམ་ཅུ་རྩ་གསུམ་ལྷ། །  ཉེ་དབང་རྩ་གསུམ་ལྷ་སྲས་ལྕམ་དང་དྲལ།། འཁོར་དང་མངའ་རིས་ལོངས་སྤྱོད་ཕུན་སུམ་ཚོགས།། དེ་ཕྱིར་ཐར་བའི་ཕན་ཡོན་བསམ་པར་བྱ།། བསོད་ནམས་ཆེར་བསགས་མཁར་གནས་འཐབ་བྲལ་ལྷ།། ཁྱེའུ་བུ་མོ་གཉིས་གཉིས་རྫུས་ཏེ་སྐྱེས།། འདོད་ཡོན་ལོངས་སྤྱོད་ཡིད་ལ་བསམ་བཞིན་འགྲུབ།། དེ་ཕྱིར་ཐར་བའི་ཕན་ཡོན་བསམ་པར་བྱ།། དཔག་བསམ་རྒྱན་མཛེས་གནས་ན་དགའ་ལྡན་ལྷ།། ཆོས་བཟང་འདུན་སར་རྒྱལ་བ་བྱམས་པ་ཡིས།། བཀའ་འཁོར་བསྐོར་ཞིང་གང་དགོས་འདོད་པ་འཇོ།། དེ་ཕྱིར་ཐར་བའི་ཕན་ཡོན་བསམ་པར་བྱ།། དེ་སྟེང་མཐོང་མཛེས་ཞིང་དུ་འཕྲུལ་དགའི་ལྷ།། ལོངས་སུ་སྤྱོད་འོས་གང་ཡང་ཡིད་ལས་སྤྲུལ།། རང་གཞན་གཉིས་ཀ་དགའ་བདེའི་དཔལ་ལ་སྤྱོད།། དེ་ཕྱིར་ཐར་བའི་ཕན་ཡོན་བསམ་པར་བྱ།། རིན་ཆེན་རྒྱན་ཞིང་གཞན་འཕྲུལ་དབང་བྱེད་ལྷ།། ལེགས་པའི་ཡོན་ཏན་གཞན་གྱིས་མཆོག་ཏུ་གྲུབ།། དགེ་བཅུ་བསོད་ནམས་བསགས་པས་བདེ་འབྲས་ཐོབ།། དེ་ཕྱིར་ཐར་བའི་ཕན་ཡོན་བསམ་པར་བྱ།། དེ་ཡི་སྟེང་དུ་གཟུགས་ཁམས་བཅུ་བདུན་པོའི།། བསམ་གཏན་རིགས་བཞིའི་ལྷ་ལ་བཅུ་གཉིས་ཏེ།། གང་ཡང་འདོད་ཡོན་ཕུན་ཚོགས་ཏིང་འཛིན་བསྒོམ།། དེ་ཕྱིར་ཐར་བའི་ཕན་ཡོན་བསམ་པར་བྱ།། དེ་ལས་དཔག་པའི་གཙང་མ་རིགས་ལྔའི་ལྷ།། རིན་ཆེན་ལས་གྲུབ་ཁང་བརྩེགས་འདོད་ཡོན་ལྡན།། སྡིག་སྤང་དགེ་བསྒྲུབ་འབྲས་བུ་སེམས་མི་གཡོ།། དེ་ཕྱིར་ཐར་བའི་ཕན་ཡོན་བསམ་པར་བྱ།། དེ་གོང་གཟུགས་མེད་སྐྱེ་མཆེད་དམུ་བཞིའི་ལྷ།། རང་སྣང་སྤྱོད་ཡུལ་ཕུན་ཚོགས་རྣམ་པར་བདེ།། བསྐལ་ཆེན་མང་པོར་ཏིང་འཛིན་ངང་ལ་གནས།། དེ་ཕྱིར་ཐར་བའི་ཕན་ཡོན་བསམ་པར་བྱ།། དགེ་བའི་སྟོབས་ཀྱིས་ཐར་བ་ཆ་མཐུན་པ།། ཐེག་ཆེན་སྒོར་ཞུགས་ས་ལམ་རིམ་པར་བགྲོད།། སྐུ་གསུམ་རྫོགས་པའི་སངས་རྒྱས་རིན་པོ་ཆེ།། ཐོབ་ནས་འགྲོ་དོན་དཔག་མེད་ནུས་པར་ཤོག། བདུན་པ་ཡང་དག་པའི་དད་པ་ནི། ཐར་འདོད་འགྲོ་བ་ཕོ་མོ་གང་ཡང་རུང༌།། དད་པ་འདི་ནི་དགེ་བ་ཀུན་གྱི་གཞི།། མཁར་གྱི་རྨང་ངམ་ཞིང་ས་ལྟ་བུ་སྟེ།། དགེ་ལ་དད་ཅིང་བརྩོན་འགྲུས་བསྐྱེད་པར་བྱ།། འཁོར་བ་སྡུག་བསྔལ་སྤང་འདོད་རང་བློ་ལ།། ཐར་བ་བྱང་ཆུབ་སྒྲུབ་འདོད་གྲོས་བཏབ་སྟེ།། དེ་གཉིས་རྒྱུད་ལ་བླང་དོར་འཇུག་འདོད་ཀྱིས།། དགེ་ལ་དད་ཅིང་བརྩོན་འགྲུས་བསྐྱེད་པར་བྱ།། མོས་པའི་དད་པ་མ་ཕྱིར་བུ་འགྲངས་ལྟར།། བླ་མ་བསྟེན་བྱ་སངས་རྒྱས་སྟོན་པར་མོས།། བོན་ལ་ལམ་དང་དགེ་འདུན་གྲོགས་མོས་པས།། དགེ་ལ་དད་ཅིང་བརྩོན་འགྲུས་བསྐྱེད་པར་བྱ།། དྭངས་པའི་དད་པ་ནོར་བུ་ཆུར་བཅུག་ལྟར།། ཀུན་རྫོབ་སྣང་ཆ་དོན་དམ་ཤེས་རབ་དང༌།། ཟུང་འཇུག་ཆ་མཉམ་དགེ་ལ་དྭངས་པ་སྟེ།། དགེ་ལ་དད་ཅིང་བརྩོན་འགྲུས་བསྐྱེད་པར་བྱ།། ཡུལ་ཆེས་དད་པ་རང་ཡུལ་མཐོང་བ་ལྟར།། འཁོར་བ་སྤང་བྱ་མྱང་འདས་བླང་བྱ་དང༌།། ལུང་མ་བསྟན་རྣམས་དགོས་མེད་ཡིད་ཆེས་པས།། དགེ་ལ་དད་ཅིང་བརྩོན་འགྲུས་བསྐྱེད་པར་བྱ།། མཐར་ཕྱིན་དད་པ་རིན་ཆེན་གསེར་རྙེད་ལྟར།། ཐེག་པ་ཆེན་པོ་ཐོས་དང་བསམ་པ་དང༌།། སྒོམ་པ་མཐའ་རུ་ཕྱིན་པའི་དད་པ་ཡིས།། དགེ་ལ་དད་ཅིང་བརྩོན་འགྲུས་བསྐྱེད་པར་བྱ།། གུས་པའི་དད་པ་རྒྱལ་ལ་འབངས་འདུད་ལྟར།། ལུས་ངག་ཡིད་གསུམ་གུས་པ་ཆེན་པོའི་སྒོར།། བླ་མ་དཀོན་མཆོག་མཆོད་འོས་བཀུར་བྱེད་དེ།། དགེ་ལ་དད་ཅིང་བརྩོན་འགྲུས་བསྐྱེད་པར་བྱ།། དད་མེད་མཚོ་གཏིང་རྡོ་དང་གཟིངས་མེད་ཆུ།། ས་བོན་ཚིག་དང་ལག་རྡུམ་གསེར་གླིང་ཕྱིན།། ལོང་བས་ལྷ་ཁང་བལྟས་འདྲའི་སྐྱོན་སྤངས་ཏེ།། དགེ་ལ་དད་ཅིང་བརྩོན་འགྲུས་བསྐྱེད་པར་བྱ།། དད་པས་དགེ་སྦྱོར་རྟེན་དང་བརྩོན་འགྲུས་རྟ།། གདམ་ངག་སྣོད་དང་རྒྱུ་འབྲས་འཛེམ་ཤེས་པ།། གོང་མར་མོས་དང་འོག་མར་བྱམས་པར་བྱེད།། དགེ་ལ་དད་ཅིང་བརྩོན་འགྲུས་བསྐྱེད་པར་བྱ།། གང་ཞིག་ཞིང་གི་རྡུལ་རྙེད་སེམས་ཅན་ལ།། དགེ་བ་ཀུན་གྱིས་བསྐལ་བར་བསྙེན་བཀུར་བས།། ཆོས་འདིར་དད་པའི་བསོད་ནམས་ཅི་འདྲ་བ།། ཁྱད་འཕགས་པ་དེ་སྙེད་དེ་ལྡན་ཤོག། །། བརྒྱད་པ་སྐྱབས་སུ་འགྲོ་བ་ནི།། བླ་མ་དཀོན་མཆོག་ཚོགས་ཀྱིས་བདག་སྐྱོབས་ཤིག། གང་ཞིག་ཁས་དམན་པོ་ལ་དགྲ་བྱུང་ན།། དེ་ལས་སྐྱོབ་པའི་རྗེ་དཔོན་འཚོལ་བ་ལྟར།། སྐྱབས་སུ་མཆིའོ་བདག་སོགས་ཐུགས་རྗེས་ཟུངས།། སངས་རྒྱས་བོན་དང་སེམས་དཔའ་ཕྱི་ཡི་སྐྱབས།། བླ་མ་ཡི་དམ་མཁའ་འགྲོ་ནང་གི་སྐྱབས།། རྩ་རླུང་ཐིག་ལེ་གསང་བའི་སྐྱབས་ཡུལ་ལ།། སྐྱབས་སུ་མཆིའོ་བདག་སོགས་ཐུགས་རྗེས་ཟུངས།། དཀོན་མཆོག་གསུམ་ལ་སྐྱབས་སུ་མ་སོང་ན།། ཕྱི་ནང་གསང་བའི་བདུད་ཀྱིས་བར་གཅོད་དེ།། བསམ་དོན་དགེ་རྩ་མཐའ་རུ་མི་ཕྱིན་པས།། སྐྱབས་སུ་མཆིའོ་བདག་སོགས་ཐུགས་རྗེས་ཟུངས།། སྐྱབས་སུ་སོང་ན་ཕྱི་ནང་གསང་བའི་བདུད།། གང་གིས་མི་ཚུགས་དགེ་བསམ་མཐའ་རུ་ཕྱིན།། འགྲོ་བ་གཞན་ཡང་རང་གིས་སྐྱོབ་ནུས་ན།། སྐྱབས་སུ་མཆིའོ་བདག་སོགས་ཐུགས་རྗེས་ཟུངས།། མདུན་གྱི་ནམ་མཁར་པདྨ་ཉི་ཟླའི་སྟེང།། དྲིན་ཅན་བླ་མ་ཡི་དམ་མཁའ་འགྲོ་དང༌།། རྟེན་གསུམ་བོན་སྐྱོང་རྣམས་ཀྱིས་བསྐོར་བ་ལ།། སྐྱབས་སུ་མཆིའོ་བདག་སོགས་ཐུགས་རྗེས་ཟུངས།། སངས་རྒྱས་སྐྱབས་སོང་འཇིག་རྟེན་ལྷར་མི་སྐྱབས།། བོན་ལ་སྐྱབས་སོང་འགྲོ་ལ་གནོད་མི་འཚེ།། སེམས་དཔར་སྐྱབས་སོང་སྡིག་པའི་གྲོགས་མི་བསྟེན།། སྐྱབས་སུ་མཆིའོ་བདག་སོགས་ཐུགས་རྗེས་ཟུངས།། སངས་རྒྱས་སྐྱབས་ནས་སེམས་ཅན་དོན་ལ་འབད།། བོན་ལ་སྐྱབས་ནས་བཀའ་ཚིག་ཁྱད་མི་གསོད།། སེམས་དཔར་སྐྱབས་ནས་སེར་གཟུགས་དག་སྣང་བསྐྱེད།། སྐྱབས་སུ་མཆིའོ་བདག་སོགས་ཐུགས་རྗེས་ཟུངས།། དཀོན་མཆོག་གསུམ་གྱི་ཡོན་ཏན་བསམ་མི་ཁྱབ།། བསམ་མི་ཁྱབ་ལ་སུ་ཞིག་དད་བྱས་ན།། རྣམ་པར་སྨིན་པའི་ཡོན་ཏན་བསམ་མི་ཁྱབ།། བསམ་མི་ཁྱབ་པའི་སྐྱབས་འོག་ཚུད་པར་ཤོག། དགུ་བ་སེམས་བསྐྱེད་ནི། བྱང་ཆུབ་སེམས་བསྐྱེད་ཐེག་ཆེན་ལམ་པོ་ཆེ།། སེམས་ཅན་གཞན་དོན་གཙོ་བོར་བླངས་ནས་སུ།། ཡང་དག་རྫོགས་པའི་སངས་རྒྱས་ཐོབ་འདོད་ཕྱིར།། འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དོ།། ཁམས་གསུམ་འཁོར་བའི་རིགས་དྲུག་སེམས་ཅན་ལ།། ཕན་བདེ་རྒྱ་ཆེར་བསྐྱེད་ལ་རབ་སྨོན་པ།། སངས་རྒྱས་ཐོབ་པའི་མྱུར་ལམ་ཡིན་པས་ན།། འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དོ།། བདག་གི་སྒོ་གསུམ་དགེ་ལ་རབ་བརྩོན་ཏེ།། ལམ་མཆོག་ཟབ་མོ་ཕ་རོལ་ཕྱིན་དྲུག་ལ།། མངོན་པར་ཞུགས་ནས་བདེ་ཆེན་སར་འགོད་པར།། འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དོ།། སེམས་མ་བསྐྱེད་ན་འཁོར་བའི་གནས་སུ་འཁྱམས།། དགེ་བའི་སྟོབས་ཞན་ཐེག་དམན་ས་རུ་གོལ།། གཞན་དོན་མི་ནུས་བར་ཆད་དབང་འགྱུར་བས།། འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དོ།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བསོད་ནམས་གང༌།། གཟུགས་སུ་མཆིས་ན་ནམ་མཁའི་ཁམས་གང་ནས།། དེ་ནི་དེ་ལས་ལྷག་པར་འགྱུར་གསུངས་པས།། འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དོ།། སེམས་བསྐྱེད་དངོས་ནི་འགྲོ་རྣམས་མར་ཤེས་དང༌།། དྲིན་ཤེས་དྲིན་དུ་བཟོ་བ་ལ་སོགས་ཏེ།། རྒྱུ་འབྲས་མན་ངག་བདུན་ལ་བློ་སྦྱངས་ནས།། འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དོ།། སེམས་ཅན་རྣམས་ལ་སྙིང་རྗེ་བྱམས་པ་དང༌།། དགའ་བ་བཏང་སྙོམས་སེམས་བསྐྱེད་མ་བཞི་བོ།། ཁ་ཙམ་ཚིག་ཙམ་མ་ཡིན་ཚད་མེད་པས།། འགྲོ་བའི་དོན་བྱང་ཆུབ་སེམས་བསྐྱེད་དོ།། དེ་བཞིན་ཆུ་བརྒལ་གྲུ་དང་ནད་གསོའི་སྨན།། རྒྱུས་མེད་ལམ་པ་དུད་འགྲོའི་རྫི་བུ་ལྟར།། སེམས་བསྐྱེད་བུ་བཞིའི་དོན་ལ་རབ་བསམ་ནས།། འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དོ།། སྲིད་མཚོར་མ་བསྒྲལ་བ་རྣམས་བསྒྲལ་བ་དང༌།། རང་རྒྱུད་མ་གྲོལ་བ་རྣམས་གྲོལ་བ་དང༌།། སྡུག་བསྔལ་དབུགས་མ་དབྱུང་རྣམས་དབུགས་དབྱུང་ཕྱིར།། འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དོ།། དགེ་ལ་མི་མོས་སྡིག་ལ་སྤྱོད་པ་དང༌།། ལྟ་བ་ལོག་པ་མུ་སྟེགས་རྟག་ཆད་ཅན།། ཐེག་དམན་གྲོགས་ལ་མི་བརྟེན་བསླབ་བྱའི་ངོས།། འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དོ།། དེ་ལྟར་སེམས་བསྐྱེད་བསླབ་བྱ་ཉམས་མེད་ཀྱིས།། མི་དགེ་སྡིག་ཚོགས་དྲི་མས་ཡོངས་དབེན་པར།། ལུས་སྲོག་ཕྱིར་ཡང་སྡོམ་པ་མི་གཏོང་ཞིང༌།། དོན་གཉིས་མཐར་ཕྱིན་སངས་རྒྱས་འགྲུབ་པར་ཤོག། བཅུ་བ་བཤགས་སྦྱང་བྱ་བ་ནི། མཁའ་མཉམ་འགྲོ་ལ་སྙིང་རྗེ་དཔག་མེད་བསྐྱེད།། ཀུན་ཀྱང་སྡུག་བསྔལ་རྒྱུ་དང་ཡོངས་སུ་བྲལ།། སྡུག་བསྔལ་མེད་པའི་བདེ་བ་ཀུན་དང་ལྡན།། ཆགས་སྡང་མེད་པའི་བཏང་སྙོམས་གནས་གྱུར་ཅིག། སྒོམ་པ་རྟེན་གྱི་སྟོབས་ནི། ཕྱི་ནང་ཐམས་ཅད་སྟོང་བ་ཉིད་ཀྱི་ངང༌།། བདག་མདུན་མཁའ་ལ་པད་ཉི་ཟླ་བའི་སྟེང༌།། སེམས་དཔའ་ཆེན་པོ་སྐུ་མདོག་དཀར་ལ་འཚེར།། ཐུགས་ཀར་པད་ཟླའི་སྟེང་དུ་ཨཱོྃ་དཀར་པོ། ། ཡིག་བརྒྱའི་སྔགས་ཀྱིས་བསྐོར་ལས་འོད་དང་ཟེར།། རབ་སྤྲོས་བདག་སོགས་མཁའ་མཉམ་སྡིག་སྒྲིབ་རྣམས།། བ་མོ་ཇི་མའི་འོད་ཀྱིས་བཅོམ་པ་ལྟར།། སོང་ནས་སངས་རྒྱས་ས་ལ་འཁོད་པར་དམིགས།། བཟླས་པ་སྙིང་བོའི་སྟོབས་ནི། བསྭོ་དམུ་ར་ཏ་ཧན་ཝེར་ནི་བྷྲུཾ་ཧྲུན། མུ་ཏྲེ་མུ་ཏྲེ་དམུ་ར་མུ་ཏྲེ། མུ་ཡེ་མུ་ཡེ་ཧ་ར་མུ་ཡེ། མུ་སྤྲོས་མུ་སྤྲོས་ཝེར་རོ་མུ་སྤྲོས། མུ་ནི་གྱེར་ཏོ་ཡེ་ཁྱབ་ཁར་རོ། སྤྲོས་བདལ་ཧྲི་ཧྲོ། ཝེར་ནི་ཝེར་ལོ། ཤུད་ལ་ཝེར་རོ། ན་ཧུ་ཏ་ཀ། ཤུདྡྷོ་ཤུདྡྷོ་དུ་ཤུདྡྷོ་ཡ། ས་ལེ་ས་ལེ་ཏྲི་ས་ལེ་ཡ། སང་ངེ་སང་ངེ་སུ་སང་ངེ་ཡ། དམུ་ར་ཏ་ཧན། ཁྲི་ཙེ་དྲུང་མུ། ཧ་ཧ་བྷྲུཾ་བྷྲུཾ། ཧོ་ཧོ་ལམ་ལམ། ཧཱུཾཧཱུཾ་ཕཊཿཕཊཿ འགྱོད་བཤགས་ཚིག་གི་སྟོབས་ནི། བདག་ནི་ཉོན་མོངས་དུག་ལྔའི་དབང་གྱུར་བས།། སྡིག་བཅུ་ལ་སོགས་མི་དགེ་ཅི་བགྱིས་པ།། སྐྱབས་གནས་དམ་པ་ཁྱོད་ཀྱི་མདུན་དྲུང་དུ།། མཐོལ་བཤགས་ཕུལ་ནས་ཚངས་པའི་དངོས་གྲུབ་སྩོལ།། མགོན་པོ་ཁྱོད་ནི་སངས་རྒྱས་སྤྱི་ཡི་གཟུགས།། མཁྱེན་བརྩེ་ནུས་པའི་བདག་ཉིད་རིན་པོ་ཆེ།། བདག་གི་སྒྲིབ་གཉིས་ལས་གྱུར་བག་ཆགས་རྣམས།། མཐོལ་བཤགས་ཕུལ་ནས་ཚངས་པའི་དངོས་གྲུབ་སྩོལ།། ཚེ་རབས་ཐོག་མ་དཔག་ཏུ་མེད་པ་ནས།། ད་ལྟའི་ལུས་འདི་བླངས་པ་ཡན་ཆད་དུ།། ཉེས་ལྟུང་ཉམས་པའི་དྲི་མ་ཅི་མཆིས་པ།། མཐོལ་བཤགས་ཕུལ་ནས་ཚངས་པའི་དངོས་གྲུབ་སྩོལ།། བསགས་བྱས་ལས་གསུམ་གྱིས་བསྡུས་མི་དགེའི་ཚོགས།། གང་ཡང་བདག་བློ་རྨོངས་པའི་ཉེས་སྐྱོན་གྱིས།། བླང་དོར་གནས་ལ་མཁྱེན་པའི་སྤྱན་དཀྱིས་ཐུང༌།། མཐོལ་བཤགས་ཕུལ་ནས་ཚངས་པའི་དངོས་གྲུབ་སྩོལ།། སྡོམ་སེམས་སྨོན་ལམ་གྱི་སྟོབས་ནི། དུས་གསུམ་བསགས་པའི་རྣམ་དཀར་དགེ་བ་འདིས།། བདག་ནི་སེམས་དཔའ་ཆེན་པོའི་སྐུར་གྲུབ་ནས།། མཁའ་མཉམ་འགྲོ་བ་གཅིག་ཀྱང་མ་ལུས་པ།། ཐམས་ཅད་སངས་རྒྱས་ས་ལ་འགོད་པར་ཤོག། །། བཅུ་གཉིས་མཎྜལ་འབུལ་བ་ནི། བདག་གཞན་ལུས་ངག་ཡིད་གསུམ་དགེ་ཚོགས་བཅས།། རིན་ཆེན་མཎྜལ་ཀུན་བཟང་མཆོད་པའི་སྤྲིན།། བློ་ཡིས་བླངས་ནས་དཀོན་མཆོག་གསུམ་ལ་འབུལ།། ཐུགས་རྗེས་བཞེས་ནས་བདག་ལ་བྱིན་གྱིས་རློབས།། སྟོང་གསུམ་རིན་ཆེན་མཛེས་པའི་མཎྜལ་ལ།། རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི།། བླ་མ་དཀོན་མཆོག་སྤྲུལ་བའི་སྐུ་ལ་འབུལ།། བསོད་ནམས་རྒྱུ་ཡི་ཚོགས་ཆེན་རྫོགས་པར་ཤོག། རང་ལུས་ཕུང་ཁམས་སྐྱེ་མཆེད་མཎྜལ་ལ།། དོན་སྙིང་དབང་བོ་ལྔ་ཡིས་བརྒྱན་པ་འདི།། བླ་མ་དཀོན་མཆོག་རྫོགས་པའི་སྐུ་ལ་འབུལ།། འབྲས་བུ་ཡེ་ཤེས་ཚོགས་ཆེན་རྫོགས་པར་ཤོག། སེམས་ཉིད་སྐྱེ་མེད་དོན་གྱི་མཎྜལ་ལ།། སེམས་འབྱུང་འགག་པ་མེད་པས་བརྒྱན་པ་འདི།། བླ་མ་དཀོན་མཆོག་བོན་གྱི་སྐུ་ལ་འབུལ།། ཚོགས་གཉིས་ཟུང་འཇུག་དོན་གཉིས་རྫོགས་པར་ཤོག། མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས།། བྱང་ཆུབ་ལམ་ལ་བར་ཆད་མི་འབྱུང་ཞིང༌།། སྲིད་པར་མི་འཁྲུལ་ཞི་བར་མི་གནས་ཤིང༌།། ནམ་མཁའི་མཐའ་མཉམ་འགྲོ་རྣམས་སྒྲོལ་བར་ཤོག། དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང༌།། མཁའ་མཉམ་ཡོངས་ལ་བདེ་སྐྱིད་འབྱུང་བ་དང༌།། བདག་གཞན་མ་ལུས་ཚོགས་བསགས་སྒྲིབ་སྦྱང་ནས།། མྱུར་དུ་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས།། བདག་སོགས་སྐྱེ་བ་ཀུན་ཏུ་ཡང་དག་པའི།། འབྲལ་མེད་ཐེག་མཆོག་དཔལ་ལ་ལོངས་སྤྱོད་ཅིང༌།། ས་ལམ་ཡོན་ཏན་མ་ལུས་རབ་རྫོགས་ནས།། སྐུ་གསུམ་མངོན་གྱུར་བཀྲ་ཤིས་ཐོབ་པར་ཤོག། བཅུ་གཉིས་པ་བླ་མའི་རྣལ་འབྱོར་ནི། རང་གི་སྤྱི་གཙུག་ཉི་ཟླ་པདྨའི་སྟེང།། སངས་རྒྱས་ཀུན་དངོས་དྲིན་ཅན་བླ་མ་ནི།། ཕྱི་ནང་གསང་བའི་ཆ་ལུགས་རྣམ་པར་བརྗིད།། བདག་ལ་མཁྱེན་དགོངས་བརྩེ་བས་གཟིགས་པར་མོས།། སྐྱེ་མེད་ཁྱབ་བདལ་ཆེན་པོའི་ཕོ་བྲང་ན།། བླ་མ་བོན་གྱི་སྐུ་ལ་གསོལ་བ་འདེབས། ། གཏི་མུག་མུན་སེལ་མེ་ལོང་ཡེ་ཤེས་རྟོགས།། བོན་སྐུའི་བྱིན་རླབས་ཀ་ནས་དག་པར་གསོལ།། འགག་མེད་རང་གསལ་དག་པའི་ཕོ་བྲང་ན།། བླ་མ་རྫོགས་པའི་སྐུ་ལ་གསོལ་བ་འདེབས།། ཞེ་སྡང་མེ་གསོད་སྟོང་ཉིད་ཡེ་ཤེས་རྟོགས།། རྫོགས་སྐུའི་བྱིན་རླབས་ལྷུན་གྱིས་གྲུབ་པར་གསོལ།། མ་ངེས་འགྲོ་བ་འདུལ་བའི་ཕོ་བྲང་ན།། བླ་མ་སྤྲུལ་བའི་སྐུ་ལ་གསོལ་བ་འདེབས།། འདོད་ཆགས་མཚོ་སྐེམ་སོ་སོར་ཡེ་ཤེས་རྟོགས།། སྤྲུལ་སྐུའི་བྱིན་རླབས་གང་ཤར་རང་གྲོལ་གསོལ།། མ་བཅོས་ལྷུན་གྲུབ་བདལ་བའི་ཕོ་བྲང་ན།། བླ་མ་མངོན་བྱང་སྐུ་ལ་གསོལ་བ་འདེབས།། ང་རྒྱལ་རི་སྙིལ་བྱ་གྲུབ་ཡེ་ཤེས་རྟོགས།། མངོན་བྱང་བྱིན་རླབས་འཁོར་འདས་དབྱེར་མེད་གསོལ།། དབྱིངས་རིག་ཡེ་ཤེས་གསལ་བའི་ཕོ་བྲང་ན།། བླ་མ་ངོ་བོ་ཉིད་སྐུར་གསོལ་བ་འདེབས།། ཕྲག་དོག་རླུང་ཞི་མཉམ་ཉིད་ཡེ་ཤེས་རྟོགས།། ངང་ཉིད་བྱིན་རླབས་དོན་གཉིས་ལྷུན་གྲུབ་གསོལ།། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ།། བདག་གི་སྙིང་ག་པདྨོའི་ཟེའུ་འབྲུ་ལ།།བྱང་ཆུབ་བར་དུ་འབྲལ་མེད་བཞུགས་ནས་ཀྱང༌།། བཀའ་དྲིན་ཆེན་པོས་རྗེས་སུ་གཟུང་བར་འཚལ།། དཔལ་ལྡན་བླ་མ་ཁྱེད་སྐུ་ཅི་འདྲ་བ།། འཁོར་དང་སྐུ་ཚེ་ཚད་དང་ཞིང་ཁམས་སོགས།། ཁྱེད་ཀྱི་མཚན་མཆོག་བཟང་བོ་ཅི་འདྲ་བ།། དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག། ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས།། བདག་སོགས་གང་དུ་གནས་པའི་ས་ཕྱོགས་སུ།། ནད་གདོན་དབུལ་ཕོངས་འཐབ་རྩོད་ཞི་བ་དང༌།། བོན་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ།། །། འདི་སྐབས་ཆོས་དྲུག་འཕོ་བ་སྦྱང་ན་ལེགས། ཁྲིད་གཞུང་དུ་སྔོན་འགྲོ་མདོར་བསྡུས་ཙམ་ལས་མེད་ཀྱང༌། ཚིགས་བཤད་འདི་རྒྱས་པར་བཀྲོལ་ནས་འཆད་པར་གྱིས་དང༌། དོན་གྱི་གནད་ཐམས་ཅད་འདི་ལ་མ་འདུས་པ་མེད་པས། སྔོན་འགྲོའི་ཁྲིད་མགོ་ཐོན་པ་ཡིན་ནོ། འདི་ཡང་ཀུན་གྲོལ་གྲགས་པ་ཆེ་བ་ཅན་གྱིས་བགྱིས་པ་དགེ་ལེགས་སུ་གྱུར་ཅིག། །། མངྒ་ལཾ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།