སྤྱི་རྟིང་མཁར་གོང་ཞོལ་གྱི་གསས་ཁང་བཀྲ་ཤིས་རབ་བརྟན་ཕུན་ཚོགས་གླིང་བཞེངས་ནས་ལེགས་གྲུབ་བྱུང་བ།

IMG_3262རྩོམ་པ་པོ། རེབ་སྐྱིད་ཡར་འཕེལ།
གསས་ཁང་བཀྲ་ཤིས་རབ་བརྟན་ཕུན་ཚོགས་གླིང་ནི་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པའི་སྒར་ཆགས་དགོན་པ་འཇིག་ཟིན་པའི་དགོན་ཚབ་ཏུ་བྱང་སྟོན་གྲུབ་པའི་དབང་པོ་བོན་བརྒྱ་ཐམས་ཅད་མཁྱེན་པ་མཆོག་གིས་ཐུགས་བཀོད་བཞིན་རེབ་གོང་བོན་མང་གི་བྱང་འདྲེན་ཆེན་མོ་སྔགས་འཆང་བསོད་ནམས་ཚེ་རིང་མཆོག་གིས་སྦྱིན་བདག་བྱས་ཏེ་ཉམས་པ་སླར་གསོའི་ཚུལ་དུ་གསས་ཁང་འདི་སྤྱི་ལོ 2005 ལོར་གསར་དུ་བཞེངས་ཏེ་ནང་གི་རྟེན་བཞེངས་སོགས་ལེགས་འགྲུབ་བྱུང་། 002རྟེན་བཞེངས་ལ་ཡང་།གཙོ་སྐུ་གཤེན་ལྷ་འོད་དཀར་དང་། ཡི་དམ་འབུམ་པ། སྟག་ལྷ་མེ་འབར། སྟག་ལྷ་སྤུ་གྲི་དམར་པོའི་སྟོང་སྐུ། བཀའ་དང་བཀའ་རྟེན་སོགས་ཡོད་ལ་སྤྱོ་ལོ 2007 ལོར་རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱས་རབ་གནས་མཛད། 006དེ་ནས་སྤྱི་ལོ 2015 ལོར་ཡང་བསྐྱར་བཀྲ་ཤིས་རབ་བརྟན་ཕུན་ཚོགས་གླིང་ཇེ་རྒྱས་ཇེ་ལེགས་སུ་གཏོང་བའི་སེམས་ཐག་བཅད་ཏེ་མ་དངུལ་ཡོད་ཚད་ཁོ་རང་གཅིག་པུས་བཏང་ནས་གསས་ཁང་གི་ཕྱི་ཡི་བཀོད་པ་དང་ནང་གི་རྟེན་བཞེངས་སོགས་ལོ་འདིའི་ཟླ 8 པའི་ནང་ཡོངས་སུ་ལེགས་འགྲུབ་བྱུང་། IMG_3253

00000_སྔགས་འཆང་བསོད་ནམས་ཚེ་རིང་ནི་ཆུང་དུས་ནས་རེབ་གོང་བོན་མང་གི་ཚོགས་གྲལ་དུ་ཞུགས་ཏེ་འདོན་རྟ་དབྱངས་གསུམ་དང་བསྐྱེད་རྫོགས་སྒོམ་གསུམ་སོགས་དགེ་རྒན་ཆེན་མོ་རྡོ་རྗེ་ཚེ་བརྟན་མཆོག་གི་མདུན་ནས་བྱང་ཆུབ་པ་བསླབས་ཏེ་བོན་མང་གི་ལས་སྣེ་ཆུང་བ་ནས་རེ་རེ་བཞིན་འཁུར་ནས་ཁོ་རང་ལོ ༢༩ སྟེང་སྟོད་ཕྱོགས་བོན་མང་གི་བྱང་འདྲེན་ཆེན་མོར་ལོ་བཞི་ལ་བཞུགས་ཤིང་ལོ ༣༤ སྟེང་རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་གཞུང་སྤྱིའི་བྱང་འདྲེན་ཆེན་མོར་བཞུགས་ཏེ་ལོ ༣༩ སྟེང་བོན་མང་འདུས་སྤྱི་དང་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གཉིས་ལ་ཚོགས་བསགས་ཀྱི་རིམ་པ་རྒྱ་ཆེན་པོ་བྱས།  བོན་བརྒྱ་དགོན་པའི་འཛམ་གླིང་ཞི་བདེ་བཀྲ་ཤིས་སྒོ་མང་མཆོད་རྟེན་དང་སྤྱི་རྟིང་འཁོར་ལོས་གདན་ས་ཐེག་ཆེན་བོན་འཁོར་ལྷུན་009གྲུབ་གླིང་གཉིས་བཞེངས་སྐབས་ཡང་དངུལ་འབོར་མང་པོའི་སྦྱིན་བདག་མཛད་པ་དང་། བོན་བརྒྱ་དགོན་པའི་གྲྭ་བཙུན་ཞིག་ཀྱང་སྣང་ཞིག་དགོན་ཆེན་དུ་སློབ་གཉེར་ལ་འགྲོ་རུ་བཅུག་ནས་ལོ་བཅུ་ཕྲག་ལྷག་གི་འགྲོ་སོང་ཁོ་རང་གིས་བཏང་སྟེ་ཤེས་ཡོན་པ་གསོ་སྐྱོང་བྱེད་བཞིན་ཡོད།  སྤྱི་ལོ 2014 ལོར་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་གིས་གདོང་མགོ་ཐེག་ཆེན་སྨིན་གྲོལ་རྒྱ་མཚོའི་གླིང་གི་མཁའ་འགྲོ་གསང་གཅོད་ཀྱི་ཆོས་ཐོག་ཆེན་མོའི་སྐབས་རེབ་གོང་བོན་མང་གི་ཀྲུའུ་རིན་ལ་བརྐོ་བཞག་མཛད། ད་ལྟ་བསྟན་པའི་ལས་དོན་སྤྱི་ལ་ཐུགས་བསམ་བཞེས་བཞིན་ཡོད་འདུག་པ་ལགས་སོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།