ཀོང་ཙེའི་གཏོ་ཐབས་རེ་ལྔའི་དཀར་ཆག་དང་བཅའ་ཐབས་ངོ་སྤྲོད།

ཀོང་ཙེའི་གཏོ་ཐབས་རེ་ལྔའི་དཀར་ཆག་དང་བཅའ་ཐབས་ངོ་སྤྲོད།
རིན་སྤུངས་ཚུལ་བསྟན།

 ༡ དབུས་སུ་བཤོས་བུ་ཟླུམ་པོ་ལ་བཤོས་བུ་བརྒྱད་ཀྱིས་བསྐོར་ལ་ཀོང་ཙེའི་མདོས།  ༢ རི་རབ་སྟེང་དུ་གནམ་ལོ་བདུན་ཟུར་རྟ་ལ་བསྐྱོན་པ་གཤེད་མདོས།  ༣ དཀར་གཏོར་དབུས་བཞག་པ་གླིང་བཞི་སྤྱི་མདོས།  ༤ རུ་སྦལ་སྟེང་དུ་བཤོས་བུ་དྲུག་བཞག་ཡོ་བཅོས།  ༥ རུ་སྦལ་སྟེང་དུ་གནམ་ལོ་དབུས་སུ་བཞུགས་པའི་སྨེ་བ་བསྐྱོན་པ་སྒམ་ཆིང་།  ༦ དབུས་སུ་མི་ལུས་ཟླ་བདག་མགོ་ཅན་ལོ་སྐོར་བཅུ་གཉིས་བསྐོར་བ་ཟླ་ནག་བཅོས།  ༧ སྤར་ཁ་བརྒྱད་ཀྱི་གཟུགས་རང་གནས་བཀོད་ལ་སྦྱིན་བདག་སྤར་ཁ་གང་ཡིན་གྱིས་གོས་བཀོན་ས་གཏོ་བརྒྱད་ཡིན།  ༨ མི་དཀར་ལྷ་གཡག་ལ་ཞོན་པ་བཤོས་བུ་བརྒྱད་བསྐོར་བ་ལྷ་ཡི་མདོས།  ༩ མི་ནག་རང་རོག་ལ་ཞོན་པ་ཐེའུ་རང་མདོས།  ༡༠ མ་མོ་འབྲུག་ལ་ཞོན་པ་ལག་ན་མདའ་དར་འཛིན་པ་མ་མོ་མདོས།  ༡༡ གླང་ཆེན་ལ་ངར་མི་བཞོན་པ་བེར་དོང་གསེར་ཐེབ་གྱོན་པ་ལག་ན་འགྱིང་དཀར་འཛིན་པ་དེ་ལ་ངར་མི་ཞྭ་གྱོན་བརྒྱད་ཀྱིས་བསྐོར་བ་རྒྱལ་མདོས།  ༡༢ མི་དམར་རྟ་དམར་བཞོན་པ་ཁ་བཞི་མིག་བརྒྱད་པ་ཡོད་པ་ཅིག་བཞག་པ་བཙན་མདོས།  ༡༣ བདུད་མི་ནག་རྟ་ནག་ལ་ཞོན་པ་དར་ནག་མདུང་འཛིན་པ་ལ་མི་ནག་བཞི་ཡིས་བསྐོར་བ་བདུན་ཀྱི་ཞག་དཀྲོལ་ཡིན།  ༡༤ ངར་མི་སྣ་ཚོགས་ཀྱི་རྟ་སྣ་ཚོགས་ཞོན་པ་གཡབ་དར་གཡོན་ཞག་པ་ཐོགས་པ་བརྒྱད་བྱས་པ་སྡེ་བརྒྱད་བཟློག་མདོས་ཡིན།  ༡༥ བུད་མེད་ཕག་གི་མགོ་ཅན་ལ་བདུ་མེད་བརྒྱད་ཀྱི་བསྐོར་ཏེ་རང་ཐག་འཕང་ལོ་ཐེ་ཁོ་ཤ་ཁྲག་རྫ་མ་ལུང་དགུ་སོགས་ཀྱིས་སྤྲས་པ་བསེན་མོའམ་འདྲེ་མོ་བཀར་ཡས་སོ།།  ༡༦ ངར་མི་རི་བོང་ལ་ཞོན་པ་ལག་ན་སེར་བ་གཅིག་བཞག་པ་ལོ་ཐོག་གནོད་འཚེ་མདོས།  ༡༧ བུད་མེད་ནག་མོ་ཁྲག་གི་རལ་པ་ཅན་ཞགས་པ་མ་མོ་ཁྲག་མདོས།  ༡༨ རྟ་ནག་ལ་མི་ནག་བསྐྱོན་པ་གཡས་སྟག་རལ་གཡོན་གཟིག་ཤུབ་ལག་ན་གྲི་བཟུང་བ་གཅིག་བཞག་པ་གྲེ་བོའི་མདོས།  ༡༩ དེ་མཐུན་པའི་བུད་མེད་ཞགས་གྲེ་མོའི་མདོས།  ༢༠ གླང་ཆེན་སྣ་ལ་སྤུ་གྲི་ཐོག་པ་ངར་མི་བསྐྱོན་པ་གཅིག་བཞག་པ་གླང་ཆེན་སྣ་བསྒྱུར་ཡིན།  ༢༡ སྤྱང་ཀི་ངར་མི་བསྐྱོན་པ་གཅིག་བཞག་ན་སྤྱང་ཁ་ཕྱིར་བསྒྱུར་ཡིན།  ༢༢ བྱིས་གཟུགས་ཁ་དོག་མི་འདྲ་བ་ཉེར་ལྔ་ལ་བྱིས་སྤུས་བརྒྱན་པ་ལ་ངར་མི་གླུད་བཞག་པ་བྱིས་ཆུང་འཕུར་མདོས་ཡིན།  ༢༣ ངར་མི་ཆེ་བ་གཅིག་ལ་ཆུང་བ་བཅུ་གཉིས་ཀྱིས་བསྐོར་བ་རལ་བུ་འཆང་བུ་བྱས་ན་སྲིའུ་གསོ་བའི་མདོས་ཡིན།  ༢༤ ངར་མི་དམར་པོ་གཡབ་དམར་གཏོར་གཡོན་ཁྲག་རྐོང་འཛིན་པ་ཟན་དུམ་བརྒྱན་པ་ཟ་འདྲེས་བཀལ་བའི་མདོས་ཡིན།  ༢༥ རྔ་མོང་ལ་མི་ནག་ཞྭ་ནག་གྱོན་པ་གཅིག་བཞག་ན་ལྟས་ངན་བརྒྱད་ཅུའི་མདོས།  ༢༦ ས་བདག་འཁྲུགས་བཅོས་ལ་རུ་སྦལ་གནམ་ལོ་བསྐྱོན།  ༢༧ སྟོང་གསུམ་འཁྲུགས་མདོས་མ་ཡོ་བཅོས་ལ་གཏོར་མ་བྱ་ཁྱེ་ནག་མ་བསྐྱོན།  ༢༨ ཐན་རིགས་གང་བྱུང་ན་གཏོ་མདོས་དབུས་སུ་བཞག་ན་ཐན་ཟློག་ཡིན།  ༢༩ གླང་ཕག་སྦྲུལ་མགོ་ཅན་མདོག་ནག་གཡས་ཁྲམ་ཤིང་གཡོན་ཞགས་པ་ཅན་ལ་གཤེད་རྗེའི་མདོས་ཡིན།  ༣༠ མཁར་ཐབས་སྟེང་དུ་མི་ནག་རྟ་ནག་ཅན་གཡས་ཁྲམ་ཤིང་གཡོན་ཞགས་པ་ཅན་མི་ནག་བརྒྱད་ཀྱི་བསྐོར་བ་བྱ་ནག་ཞུང་ལ་ལྡིང་བ་ཁྱི་ནག་བརྒྱབ་ལ་ཁྱི་རས་བདུད་ཞལ་བསྒྱུར།  ༣༡ ཀླུ་སྔོན་སྦྲུལ་མགོ་བདུན་པོ་ཀླུ་ཆེན་བརྒྱད་ཀྱིས་བསྐོར་བ་ཀླུ་མདོས་ཡིན།  ༣༢ ཁྱབ་མཇུག་གཟུགས་ལ་གཟའ་བརྒྱད་ཀྱི་བཤོས་བུའི་བསྐོར་བ་གཟའ་མདོས་ཡིན།  ༣༣ བུད་མེད་བྲ་མཆུ་ལ་བུད་མེད་དགུ་བསྐོར་བ་མི་ཁའི་མདོས་ཡིན།  ༣༤ མི་ནག་རྟ་ནག་ཞོན་པ་དགུ་བུད་མེད་མྱང་ངན་ཁང་བར་ཞུགས་པ་མྱང་ངན་དགུས་མདོས།  ༣༥ བདུད་ཆས་ལྡན་པ་ངར་མི་བཅུ་གསུམ་ལ་ལྕགས་མདའ་བཅུ་གསུམ་བཙུགས་པ་གྲི་ཁ་མཚོན་བསྒྱུར་ཡིན།  ༣༦ སྒྲུབ་པ་པོ་རང་གཟུགས་ལ་དཀར་གཏོར་ཡས་སྟག་དབུས་སུ་བཞག་པ་གཤེན་པོ་རང་གླུད་ཡིན།  ༣༧ བྱི་སྦའི་རང་གཟུགས་ལ་མི་ཆུང་བདུན་གྱིས་བསྐོར་བ་བྱིས་སྦའི་འཕྲུལ་མདོས་ཡིན།  ༣༨ མར་མེ་བཅུ་གསུམ་ངར་གླུད་དོན་ནས་བཏོང་བའི་མར་མེ་དོན་ཐར་ཡིན།  ༣༩ ངར་མི་མི་དམར་རལ་པ་ཅན་ལ་ངར་མི་བརྒྱད་ཀྱིས་བསྐོར་བ་ཤི་འདྲེ་བཀར་ཡས།  ༤༠ ངར་མི་གཅིག་ལ་བྱ་ལྔ་ཁྲ་ལྔ་གཡས་གཡོན་ལ་བཞག་ལ་ཆུང་སྲི་བཀག་མདོས།  ༤༡ བྱིས་སྦའི་གཟུགས་ལ་སྡེ་བརྒྱད་བཤོས་བུའི་བསྐོར་བ་ཆུང་གླུད་ཡིན།  ༤༢ མི་ལུས་གླང་མགོ་ལ་ངར་མི་གླུད་རང་གཟུགས་བཅོ་བརྒྱད་ཀྱིས་བསྐོར་བ་གདོན་ཆེན་བཅོ་ལྔ་བདུད་བཟློག་མདོས་ཡིན།  ༤༣ མི་གཟུགས་མདོག་ནག་ལྔ་སྔགས་དྲུག་ཕྱག་དྲུག་གི་བྱིན་གྱིས་རླབས་པ་འཆི་བསླུ་ཡིན།  ༤༤ ངར་མི་ནག་པོ་བརྒྱད་ཕྱོགས་མཚམས་བསྐྱལ་བ་གདོན་དཀྲོལ་ཡིན།  ༤༥ ངར་མི་གླུད་བཟུང་གཅིག་རྡིལ་ནག་ཤོ་རྡིལ་བཞག་པ་ཡུལ་མདོས་ཡིན།  ༤༦ ནོར་ཕྱུགས་ལ་རང་གཟུགས་བསྐོར་བ་ཕྱུགས་གླུད་ཡིན།  ༤༧ སྦྱིན་བདག་རང་གཟུགས་ལ་ཚེར་མི་བྲབ་ལ་ནད་སྤོས་གདོན་སྤོས་ཡིན།  ༤༨ ནད་པའི་གཟུགས་ལ་འབྱུང་ལྔའི་ལྷ་རྗེ་བོས་ཚུལ་དུར་མདོས་ཡིན།  ༤༩ བུད་མེད་རལ་པ་ཅན་དམར་པོ་ལ་སྐོར་བཅུ་གསུམ་བསྐོར་བ་ནད་བདག་སྟོང་འཇོམས་ཡིན།  ༥༠ ལམ་རྒྱ་གྲམ་ས་ལ་རྟ་སྤུ་བསྲེས་རྟ་གཟུགས་བྱས་ལ་རྟ་གླུད་ཡིན།  ༥༡ མི་ནག་རྟ་ནག་ཕག་སྦྲུལ་སྤྲེལ་གྱིས་བསྐོར་བ་གྲིབ་སེལ་དར་དཀར་ཡིན།  ༥༢ རྫ་ནག་ནང་དུ་མི་ནག་མགོ་པ་ལགན་ཐལ་མོ་བརྡབ་པ་རྨི་ལམ་གཏོར་བསྒྱུར་ཡིན།  ༥༣ ངར་མི་གཟུགས་ཕྲ་ལ་སྲབ་པ་བཅུ་གསུམ་གྱིས་བསྐོར་བ་བསེ་རག་བཀར་ཡས་ཡིན།  ༥༤ མི་ནག་མགོ་གསུམ་པ་སེང་གེ་ཞོན་པ་སྡེ་བརྒྱད་སྐྱ་མི་བརྒྱད་ཀྱི་བསྐོར་བ་ལྷ་འདྲེ་ཁྲམ་བསྒྱུར་ཡིན།  ༥༥ དཀྱིལ་འཁོར་གང་འཛོམ་དེས་ཆུང་ལ་མར་མེ་འཆང་བུ་ངར་གླུད་གཏོར་མ་འཐེབ་ཀྱུ་ཤ་དུམ་བརྒྱ་རྩ་ངར་མི་རྫོངས་པར་བྱ་དཀྱིལ་འཁོར་ཞལ་བསྒྱུར།  ༥༦ བུད་མེད་སྔོ་ནག་འཇིགས་ཚུལ་ལ་གཏོར་མ་ངར་གླུད་བཅུ་གསུམ་བྱས་ལ་ཁ་འབར་མ་ཡིན།  ༥༧ ངར་མི་དཀར་སེར་དམར་ནག་བཞི་ཁྲམ་ཤིང་ཞགས་པ་འཛིན་པ་ལ་གཏོར་མ་ངར་གླུད་ཐེབ་ཀྱུས་བྱ་བ་བརྒྱད་བརྒྱ་བཞིའི་མདོས།  ༥༨ ངར་གླུད་ལྷ་བཤོས་ཏིང་ལོ་མར་མེ་རྡོ་དཀར་ནག་དགུ་འཇུགས་པ་དགུ་ཡི་བསྐོར་བ་དགུ་མིག་མདོས་ཡིན།  ༥༩ སྨེ་བ་དགུ་སྤར་ཁ་བརྒྱད་ལོ་སྐོར་བཅུ་གཉིས་གཟའ་སྐོར་སོགས་རང་གཟུགས་ཀྱིས་བསྐོར་བ་སྤར་ཁའི་སྤུང་མདོས།  ༦༠ སྤར་ཁའི་རང་གཟུགས་རུ་སྦལ་ལ་བསྐྱོན་པ་སྤར་ཁའི་སྒེར་མདོས།  ༦༡ སྤར་ཁ་གང་འདུག་ཁ་དོག་ཕྱག་རྒྱ་བྲིས་པའི་ཐོག་ཏུ་གླུད་ཕོ་མོ་བཞག་པ་ཟམ་ནས་བརྒལ་ན་ཟམ་བསྒོས།  ༦༢ བུད་མེད་དྲེལ་ལ་ཞོན་པ་དམར་གཏོར་བརྒྱད་ཀྱིས་བསྐོར་བ་སུན་བཟློག་ཡིན།  ༦༣ དམར་གཏོར་ལ་འུག་པས་བསྐོར་བ་འུག་གཏོར་ཡིན།  ༦༤ དམར་གཏོར་ཝ་ཡི་མགོ་རྒྱན་ཝ་བཟློག  ༦༥ བཅའ་ཐབས་དངོས་གསལ་བརྒྱ་དང་ཉེར་ལྔ་ཡོད་པ་གཏོ་སྒྲོ་ཆེན་པོ་ཡིན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།