མཆོད་རྟེན་བརྒྱད་ཀྱི་ངོ་སྤྲོད། ༼བོན་བརྒྱ་དགོན། ༽

མཆོད་རྟེན་བརྒྱད་ཀྱི་ངོ་སྤྲོད། ༼བོན་བརྒྱ་དགོན། ༽
བོན་བརྒྱ་རིན་པོ་ཆེ།

164511081

༄༅། །སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་མཆོག་ཏུ། །
བཀྲ་ཤིས་ལྷུན་པོ་རྫས་བརྒྱད་སྤུངས་པའི་རྟེན། །
བཀྲ་ཤིས་འོད་འབར་ཟླ་ཟེར་འཕྲོ་བའི་རྟེན། །
བཀྲ་ཤིས་ཁྲི་སྐོས་ཉི་འོད་འབར་བའི་རྟེན། །
གཡུང་དྲུང་དཔལ་བསྐྱེད་རིགས་རྒྱུད་འཛིན་སྤེལ་རྟེན། །
མི་དགེ་སྦྱོང་བྱེད་སྡིག་བཅུ་འདག་པའི་རྟེན། །
བསོད་ནམས་ལོངས་སྤྱོད་འཕེལ་རྒྱས་འབྱུང་བའི་རྟེན། །
བྱམས་པ་སྒྲིབ་སེལ་ཉོན་མོངས་ཞི་བའི་རྟེན། །
སྦྱིན་པ་ཚོགས་རྫོགས་སངས་རྒྱས་འགྲུབ་པའི་རྟེན། །
མཆོད་རྟེན་རྣམ་པ་བརྒྱད་འདི་བཞེངས་པའི་མཐུས། །
བསྟན་པ་རྒྱས་ཤིང་འགྲོ་ལ་བདེ་སྐྱིད་འབྱུང་། །
འདི་ཕྱིའི་ལེགས་ཚོགས་ཡིད་བཞིན་འགྲུབ་པར་ཤོག །
ཨཱོྃ་བཾ་རུ་ཏེ་པདྨོ་ཧཱུཾ༔

ཞེས་པ་འདི་སྐྱབས་རྗེ་བླ་མ་བོན་བརྒྱ་རིན་པོ་ཆེས་གསུངས་པའོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།